བོད་ལུགས་ལོ་སར་ལ་བོད་ལྗོངས་ཀུན་བདེ་གླིང་དུ་རྡོ་རྗེའི་དཀྱིལ་འཁོར་བཞེངས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-01
ཀློག་གྲངས།:
རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བཞེངས་ཀྱིན་པ།
དཀྱིལ་འཁོར་བཞེངས་བྱེད་ཀྱི་རྡུལ་ཚོན་སྣ་ཚོགས།
རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བཞེངས་ཀྱིན་པ།
བོད་ལུགས་ལོ་སར་གྱི་ཚེས་གསུམ་ཉིན་ནས་བཟུང་། བོད་བརྒྱུད་དགེ་ལུགས་པའི་དགོན་སྡེ་ལྷ་སའི་ཀུན་བདེ་གླིང་གིས་སྲོལ་རྒྱུན་གྱི་ཆོ་ག་ཞིག་སྟེ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་དེ་ཉིན་ལྔའི་རིང་ལ་བཞེངས་ནས་ལེགས་འགྲུབ་བྱུང་། དཀྱིལ་འཁོར་དེ་ནི་ཀུན་བདེ་གླིང་གི་རྡོ་རྗེ་དཀྱིལ་འཁོར་རིགས་གསུམ་གྱི་ཡ་གྱལ་ཡིན་ལ། སྲོལ་ལུགས་ལྟར་ན་ལོ་རེའི་བོད་ལུགས་ལོ་སར་གྱི་སྐབས་སུ་བཞེངས་ནས་ཉིན7གྱི་རིང་ལ་ཆོས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།