logo

ཁྲི་ཀ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-02-12 ཀློག་གྲངས།:
      སྤྱི་ཟླ2པའི་ཚེས10ཉིན། རྒྱུས་ལོན་པ་ལྟར་ན། ཁྲི་ཀ་རྫོང་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་ཆེན་པོས་འབད་པ་བྱས་ནས། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་རིག་གནས་གསོ་སྐྱོང་གི་འཐབ་ཇུས་ནང་དོན་གཙོ་བོར་བཟུང་ནས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་རྒྱུ་སྤུས་ལ་བཅོས་སྒྱུར་དང་། རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བའི་ནུས་པ་རིམ་གྱིས་ཇེ་ཆེར་སོང་།
      རྒྱུས་ལོན་པ་ལྟར་ན། ས་གནས་ཀྱི་སྲིད་གཞུང་སྡེ་ཁག་གིས་མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། དངོས་ཡོད་ཀྱིས་རྐང་ཚུགས་པར་བྱེད་པ། ཡང་དག་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་བཅོས་སྒྱུར་བཅས་བྱས་ནས་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་དང་། ནགས་ཚལ་མེ་འགོག་བྱ་བ་བཟང་པོར་སྒྲུབ་ནས། རྫོང་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ལ་ཕན་འབྲས་ལྡན་པའི་སྒོ་ནས་གྲུབ་འབྲས་བླངས།


འབྲེལ་ཡོད་འོས་སྦྱོར།