གཡང་དཀར་སྒྲོལ་མ་དང་པ་སངས་གཉིས་ཀྱི་ཆེད་སྒྲིག་ཐོག་མ《སྙིང་གཏམ》འགྲེམ་སྤེལ་བྱས་པ།
རྩོམ་པ་པོ།:ཕོ་ཉ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-02-11
ཀློག་གྲངས།:
མཛའ་གཞས་ཆེད་སྒྲིག《སྙིང་གཏམ》
རྟེན་འབྲེལ་ཞུ་བའི་ཆེད་སྒྲིག་མཚན་བྱང་།
འདུ་ཚོགས་ལ་ཞུགས་པའི་སྐུ་མགྲོན་གྱི་ཚོགས།
ཅོ་ཀའི་དྲུག་འགྱུར་ངོམ་པའི་གླུ་མ་གཡང་དཀར་སྒྲོལ་མ།
ཁུ་བྱུག་དབྱངས་སྙན་སྒྲོག་པའི་གླུ་བ་པ་སངས་ཟླ་བ།
འགྲེམ་སྤེལ་ཡུལ་དངོས་ནས་བཅར་འདྲི་བྱེད་བཞིན་པ།
ཆེད་སྒྲིག་གི MV བརྙན་དུ་འཕབ་ཕྱིར། པ་སངས་ཟླ་བ་དང་གཡང་དཀར་སྒྲོལ་མ་གཉིས་ཀྱིས་སྒེར་ངོས་མ་རྩ་བཏང་ཐོག ལོ་གཅིག་གི་རིང་པེ་ཅིང་ནས་བདེ་ཆེན། ལྷ་ས་སོགས་ཡུལ་གྲུ་ཁག་ཏུ་བསྐྱོད་དེ་ད་ཆ་ཧྥ་རན་སི་རུ་ཡོད་པའི་བཀྲ་ཤིས་རྡོ་རྗེ་ལགས་ཀྱི་རྒྱབ་སྐྱོར་འོག་བརྙན་དུ་ཕབ་པ་དང་། བརྙན་མང་ཆེ་བ་རོང་ཆེན་ཁ་བ་དཀར་པོའི་འགྲམ་དུ་བླངས་པ་རེད་འདུག
ཆེད་སྒྲིག་འདི་རུ་ཕུན་སུམ་ཚོགས་པའི་བོད་ཀྱི་ས་ཁམས་དང་རིག་གནས། ཐུན་མོང་མ་ཡིན་པའི་རང་བྱུང་གི་བརྡ་རྟགས་སྤྱད་ནས། བོད་ཀྱི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དཀྱུས་མའི་རབ་རྟོག་དང་བསྲེས་ལྷད་མ་ཞུགས་པའི་གདོད་མའི་རྣམ་པས་བོད་མི་དམངས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་འཐིམས་ཡོད་པའི་རིག་གནས་སྒྱུ་རྩལ་མཚོན་ཡོད། དེ་རུ་བདེ་ཆེན་གཞས་དང་། ནང་བསྟན་གྱི་རོལ་མོ། སྒྲ་སྙན་སོགས་རྒྱལ་ཁབ་རིམ་པ་དང་། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དང་། ད་དུང་བལ་བོ་དང་འབྲུག་ཡུལ་གྱི་དམངས་གཞས་ཟུང་འབྲེལ་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་སྒྲིག་སྦྱོར་བྱས་པ་དང་། བོད་ཀྱི་ན་གཞོན་རྣམས་ཀྱིས་མཛའ་གཞས་ལེན་རེས་བཅས་སོགས་ཚུད་ཡོད།
མ་སྐྱེས་ཨ་མ་རོལ་ཚོགས།
མ་སྐྱེས་ཨ་མ་རོལ་ཚོགས།
གཞས་མཁན་གཙོ་བོ་གཡང་དཀར་སྒྲོལ་མ་དང་པ་སངས་ཟླ་བ་ཡིན་པའི་ད་ལྟའི་རོལ་ཚོགས་ལ་ང་ལོ་གསར་དགོང་ཚོགས་སུ་ཞུགས་དགོས་ཞེས་པ་དང་། སི་ཁྲོན་བརྙན་འཕྲིན་ཁང་གི 2011 ལོའི་ཀྲུང་གོའི་བོད་གཞས་འདུ་ར་ཞེས་པའི་ཅོད་པན་བླངས་མྱོང་བ་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ཀྲུང་ཧྭའི་བརྩེ་བ་དང་དམངས་གླུའི་ཀྲུང་གོ་ཞེས་པ་སོགས་ལེ་ཚན་དང་དགོང་ཚོགས་སུ་ཞུགས་མྱོང་།
རོལ་ཚོགས་ཀྱི་གཞས་མ་གཙོ་བོ་གཡང་དཀར་སྒྲོལ་མ་ནི་མཚོ་སྔོན་གཅན་ཚ་རུ་སྐྱེས་ཤིང་། ཆུང་ངུའི་དུས་ན་མིས་སྨོན་པ་འཆོར་སའི་སྐད་ངག་སྙན་མོ་ཞིག་ཡོད་པས་བྱེའུ་ཅོ་ཀ་ཞེས་པའི་མཚན་སྙན་ཡོད་པ་དང་། 2007 ལོར་མ་སྐྱེས་ཨ་མ་རོལ་ཚོགས་སུ་ཞུགས། 2010 ལོར་སྒེར་གྱི་ཆེད་སྒྲིག་ཐོག་མ《གསེར་གྱི་ཉི་འོད》བཀྲམས། 2012 ལོར《ང་ཡི་སྒྲོལ་མ》ཞེས་པའི་གཞས་དེ་བཀྲམས་པས་བོད་ཕྱི་ནང་དགའ་བསུ་ཆེན་པོ་ཐོབ།
ཁམས་བདེ་ཆེན་གྱི་པ་སངས་ཟླ་བ་ནི 2009 ལོར་མ་སྐྱེས་ཨ་མར་ཞུགས། ཁོ་ལ་ཐུན་མིན་དུ་ཡོད་པའི་སྐད་ངག་ལས་གཞན་ཧྥེ་གླིང་གི་རྔ་དང་པི་ཝང་རྒྱུད་གསུམ་མ། བོད་ཀྱི་ཞབས་བྲོ་ལའང་བྱང་ཆ་ཆེན་པོ་ལྡན། ལོ་དུ་མའི་རིང་གི་འབད་རྩོལ་བརྒྱུད་ནས་ཁོའི་སྐད་ངག་གིས་ཉན་མཁན་གྱི་ཡིད་དབང་ཅིག་ཅར་འཕྲོག་ཐུབ་པ་སོགས་རོལ་ཚོགས་ཀྱི་སྲོག་ཤིང་ལྟ་བུར་ཆགས་ཡོད།
འབྲེལ་ཡོད་འོས་སྦྱོར།