རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་སུམ་ཅུ་འཁོར་བའི་རྗེས་དྲན་ཚོགས་འདུ་བསྡུས།
རྩོམ་པ་པོ།:ཀོག་ཙེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-02-10
ཀློག་གྲངས།:
རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག
རྗེས་དྲན་ཚོགས་འདུའི་ཡུལ་དངོས།
རྗེས་དྲན་ཚོགས་འདུའི་ཡུལ་དངོས།
རྗེས་དྲན་ཚོགས་འདུ་སྟེང་གི་གསེར་ཁྲི་དང་གསུང་རྩོམ།
རྗེས་དྲན་ལེགས་སྐྱེས་ཀྱི་དཔེ་ཆ་ཐོག་མ།
རྗེས་དྲན་ལེགས་སྐྱེས་ཀྱི་དཔེ་ཆ་རྩོམ་མཁན་དང་ཚོགས་འདུའི་འགྲོ་སོང་གཏོང་མཁན་རྒན་སྒྲོལ་མ་འབུམ་ལགས་ལ་རྟེན་འབྲེལ་ཞུ་བཞིན་པ།
རྗེས་དྲན་ཚོགས་འདུའི་གདན་ཞུས་སྐུ་མགྲོན་གྱི་མཉམ་པར།
རྡོ་སྦིས་དགེ་བཤེས་རིན་པོ་ཆེ་ལ་རྗེས་དྲན་ཚོགས་འདུ་འདི་འདྲ་ཞིག་བསྡུ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་ནི། ང་ཚོས་དགེ་བཤེས་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། དགེ་བཤེས་རིན་པོ་ཆེ་མཆོག་གི་མཁྱེན་རབ་ཀློང་དུ་བརྡོལ་བ་ལས་འཁྲུངས་པའི་གསུང་རྩོམ་ཟབ་ཅིང་བརླིང་བ་རྣམས་དང་། མཛད་པ་འཕྲིན་ལས་རྒྱ་ཆེ་བ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་དགོས་པས་ཡིན། དེ་བས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འདི་ནི་དགེ་བཤེས་རིན་པོ་ཆེར་རྗེས་དྲན་ཚོགས་འདུ་འཚོག་རྒྱུའི་གོམ་པ་དང་བོ་སྤོས་པ་ཡིན་ལ། དགེ་རྒན་སྒྲོལ་མ་འབུམ་ལགས་ཀྱི་བརྩམས་ཆོས་འདི་ཡང་དགེ་བཤེས་རིན་པོ་ཆེ་མཆོག་ལ་རྗེས་དྲན་དུ་ཕུལ་པའི་ལེགས་སྐྱེས་དཔེ་ཆ་ཐོག་མའམ་རྨང་གཞི་དང་བོ་ཡིན། རྗེས་ཕྱོགས་མུ་མཐུད་དུ་རྨང་གཞི་འདིའི་སྟེང་ནས་རྗེས་དྲན་ཚོགས་འདུའི་བརྗོད་གཞི་རྒྱ་ཇེ་ཆེར་དང་གཏིང་ཇེ་ཟབ་ཏུ་བཏང་ནས། དགེ་བཤེས་རིན་པོ་ཆེའི་མཛད་རྣམ་དང་གསུང་རྩོམ་ལ་སློབ་སྦྱོང་དང་ཞིབ་འཇུག་གི་མ་ལག་མཐུས་སྒོ་ཚང་བར་བཏང་ནས། འཛམ་གླིང་རིག་གཞུང་ཞིབ་འཇུག་གི་ཁྲོད་ནས་རྡོ་སྦིས་དགེ་བཤེས་རིན་པོ་ཆེ་མཆོག་གི་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་མཛད་བཟང་གསེར་ཞུན་གྱི་རང་མདངས་སླར་ཡང་ཆེས་ཆེར་འཕྲོ་རུ་གཞུག་རྒྱུ་ནི་ང་ཚོ་རྗེས་རབས་པ་རྣམ་པའི་ཕྲག་སྟེང་དུ་བབ་ཅིང་བཤོལ་ཐབས་མེད་པའི་འོས་འགན་ཉག་ཅིག་ལགས།
འབྲེལ་ཡོད་འོས་སྦྱོར།