logo

མང་རྫོང་གཙགས་དྲུབ་དེ་ས་གནས་ཀྱི་རིག་གནས་ཐོན་རྫས་སུ་བསྐྲུན་གྱིན་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-06 ཀློག་གྲངས།:


གསར་འགོད་པར་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་ལ་བཅར་འདྲི་གནང་བཞིན་པ།

      སྤྱི་ཟླ2པའི་ཚེས2ཉིན། མཚོ་ལྷོ་ཁུལ་མང་རྫོང་གི་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་གྱིས་མང་རྫོང་དུང་དཀར་གཙགས་དྲུབ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟི་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་འདུག
      འབྲུག་འབུམ་རྒྱལ་ནས་བཤད་རྒྱུར། མང་རྫོང་གཙགས་དྲུབ་ལ་ལོ་ངོ1500འཕེལ་རྒྱས་ལོ་རྒྱུས་ལྡན་ཞིང་། ལོ་རྒྱུས་ཀྱི་རྒྱུན་རིང་ལ་མདོ་དབུས་མཐོ་སྒང་གི་ཐུན་མིན་གྱི་དམངས་ཁྲོད་ལག་རྩལ་ཁྱད་པར་བ་ཞིག་ཡིན། དེའི་རིན་ཐང་ཐད་ལག་བཟོ་རྐྱང་རྐྱང་གིས་རྒྱུ་ཆ་ལེགས་འདེམས་དང་བཟོ་རྩལ་ཞིབ་ཚགས་ལྡན་ལ། ནང་དོན་ཕུན་སུམ་ཚོགས་པས་གྲགས་སྙན་ཆེ་ལ་གཞལ་དུ་མེད། བརྩམས་ཆོས་ལེགས་ཤོས་ཤིག་འགྲུབ་པར་ལོ་ཕྱེད་ཙམ་གྱི་དུས་ཡུན་དགོས་པ་རེད། ཁྱེད་རང་རོང་སྡེའི་ཁྱིམ་ཚང་རེར་འགྲིམ་ན། ཧ་ལམ་ཁྱིམ་ཚང་རེའི་བུད་མེད་རྣམས་ཀྱིས་གཙགས་དྲུབ་བཟོ་ཤེས་པས། ཡུལ་འདི་ལ༼གཙགས་དྲུབ་ཀྱི་ཕ་ས༽ཞེས་པའི་མཚན་སྙན་གསོལ་བ་རེད།
      ཀུང་ཟི་དངོས་སུ་བཙུགས་ཤིང་ལོ་ངོ6རིང་གི་འཕེལ་རྒྱས་བརྒྱུད། མིག་སྔར་གཙགས་དྲུབ་ཐོན་རྫས་ཀྱི་ཐོག་མའི་གཞི་ཁྱོན་དང་གྲུབ་འབྲས་དེ་མང་རྫོང་རོང་འབྲོག་བུད་མེད་ཚོས་གཏོད་པའི་ཡོང་འབབ་ཀྱི་ལམ་བུ་གཙོ་བོ་ཞིག་ཡིན་པ་མ་ཟད། རིག་གནས་རྒྱུད་འཛིན་ལའང་ནུས་པ་གལ་ཆེན་ཐོན་ཡོད་པ་རེད་ཅེས་གསལ་བརྗོད་གནང་འདུག
      མ་འོངས་འཕེལ་རྒྱས་ཀྱི་ཕྱོགས་ནས་བཅར་འདྲི་གནང་བར་ཡང་ཁོང་ནས་བཤད་རྒྱུར། དེང་ཕྱིན། མང་རྫོང་གིས་གཙགས་དྲུབ་ཐོན་རྫས་སྔར་ལས་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་གནང་སྟེ། སྲིད་ཇུས་ཐད་སྣེ་ཁྲིད་དང་མ་དངུལ་ཐད་རོགས་སྐྱོར། ཐོན་ལས་ཐད་ཞབས་ཞུ་བསྒྲུབ་པར་རྒྱུན་འཁྱོངས་བྱས་ནས་མིག་སྔའི་ཞིབ་འཇུག་དང་གསར་སྤེལ་ལ་གཞོལ་བའི་འཇོན་ཐང་ཅན་དཀོན་པའི་གནད་དོན་ཐག་གཅོད་པར། ཟབ་སྦྱོང་གང་ལེགས་བྱས་ཏེ་བསམ་གཞིགས་ནུས་པ་བཟང་ལ་ཚོང་རའི་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་ལ་བྱང་བའི་མི་སྣ་སྐྱེད་སྲིང་བྱས་ཏེ། ཚོང་རའི་ཁ་ཕྱོགས་དང་མཐུན་པར་ཐོན་རྫས་སྣ་མང་སྤེལ་ནས་མང་རྫོང་གཙགས་དྲུབ་དེ་ས་གནས་ཀྱི་རིག་གནས་ཐོན་རྫས་ཤིག་ཏུ་བསྐྲུན་ཅིང་། ཁེ་ལས་དང་སྤྱི་ཚོགས་ཀྱི་ཕན་ནུས་མཐོར་འདེགས་དང་གཙགས་དྲུབ་ཐོན་ལས་དེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན། ཚོང་ར་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསལ་བརྗོད་གནང་འདུག


འབྲེལ་ཡོད་འོས་སྦྱོར།