logo

ཨ་ནུ་རྟགས་ཅན་གྱི་ཡིག་མཁན་གཅེས་ནོར་བཞི།

རྩོམ་པ་པོ།:ཨ་ནུ་སྐལ་བཟང་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-03 ཀློག་གྲངས།:


ཨ་ནུ་རྟགས་ཅན་གྱི་སྨྱུ་གུ

ཨ་ནུ་རྟགས་ཅན་གྱི་སྨྱུ་གུ

ཨ་ནུ་རྟགས་ཅན་གྱི་སྨྱུ་གུ

ཨ་ནུ་རྟགས་ཅན་གྱི་སྨྱུ་གུ

རྒྱ་ཆེ་བའི་སྨྱུག་ཐོགས་པ་རྣམ་པ།
      མེས་པོའི་སོར་རྩེ་ལས་འཁྲུངས་བའི་བྲིས་གཟུགས་གསེར་ཞུན་ལྟ་བུ་དེ་དེང་རབས་གློག་ཆས་སྣ་ཚོགས་ཀྱིས་ཤེས་མེད་ཚོར་མེད་ངང་ཟ་བཞིན་པའི་སྣང་ཚུལ་ཧ་ཅང་ཚབས་ཆེན་ཡིན་པས།  ང་ཚོས་ཀྱང་ཆུ་མ་ཡོང་གོང་གི་རགས་དང་དགྲ་མ་ཡོང་གོང་གི་དོགས་ལྟར་སྲོལ་བཟང་གི་ས་བོན་དཀར་པོ་འདེབས་པའི་ཚུལ་གྱིས་ངེད་ཨ་ནུ་ཡིག་ཆས་བཟོ་གྲྭས་ཆེད་དུ་བོད་ཀྱི་སྨྱུག་ཐོགས་པ་རྣམས་ལ་མཐུན་རྐྱེན་དང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བྲིས་གཟུགས་འདི་ཉམས་པ་སོར་ཆུད་དང་།  མ་ཉམས་གོང་འཕེལ་ལ་དམིགས་ནས་ཨ་ནུ་རྟགས་ཅན་གྱི་སྨྱུ་གུ་དང་སྣག་བུམ།  སྨྱུག་སྣོད།  སྣག་ཚ།  ཤོག་བུ་སོགས་ཇུས་འགོད་བྱས་ཏེ་ཡིག་མཁན་གྱི་གཅེས་ནོར་བཞི་འཐུས་སྒོ་ཚང་བར་བྱས་ཡོད།  བོད་ཀྱི་སློབ་གྲྭ་སོ་སོ་དང་དགོན་པ་གྲྭ་ཚང་གཙོ་བྱས་ཤིང་།  སྤྱི་ཚོགས་ཀྱི་བོད་ཡིག་ཡིག་མཁན་རྣམས་ལ་དགེ་བ་ཅུང་ཙམ་དང་མཐུན་རྐྱེན་ཨེན་ཙམ་ཨེ་ཐོན་པའི་དམིགས་གཞི་དང་པོའི་སྒོ་ནས་འགྲེམས་སྤེལ་བྱེད་ཀྱིན་ཡོད།


ཨ་ནུ་རྟགས་ཅན་གྱི་སྣག་ཚ།

ཨ་ནུ་རྟགས་ཅན་གྱི་སྣག་ཚ།

ཨ་ནུ་རྟགས་ཅན་གྱི་སྣག་བུམ།

ཨ་ནུ་རྟགས་ཅན་གྱི་སྣག་བུམ།

ཨ་ནུ་རྟགས་ཅན་གྱི་སྨྱུག་སྣོད།

ཨ་ནུ་རྟགས་ཅན་གྱི་སྨྱུག་སྣོད།

      ཨ་ནུ་རྟགས་ཅན་གྱི་སྨྱུ་གུ་ཡང་སྲོལ་རྒྱུན་གྱི་སྨྱུ་གུའི་བཟོ་སྟངས་ལ་གཞི་བཅོལ་ཏེ་སྨྱུག་རྒྱུ་བཟང་ཤོས་བདམས་ཤིང་སྟེང་དུ་མར་རྙིང་བྱུགས་ཏེ་ཡོས་ཚན་དུ་བཅུག་པའམ་སྣུམ་གྱི་ནང་དུ་བཙོ་བ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་སྨྱུག་རྒྱུ་སྲ་བར་བཟོས་ཡོད།  སྨྱུག་རྩེ་དང་སྨྱུག་རྫིང་།  སྨྱུག་ཡུར་སོགས་ཀྱང་ཧ་ཅང་ཚད་ལྡན་ཡིན་ལ་སྨྱུ་གུའི་རིང་ཚད་ཚད་དང་མཐུན།  སྨྱུག་ཁམ་གྱི་ཆེ་ཆུང་ནི་འཛད་སྤྱོད་པའི་དགོས་མཁོ་ལྟར་ལས་སྣོན་བྱེད་བཞིན་ཡོད།  རྒྱ་ཆེའི་འཛད་སྤྱོད་པ་དང་ཚོང་ཁང་སོགས་ཀྱིས་ཨ་ནུ་རྟགས་ཅན་གྱི་ཚོང་རྫས་རྫུན་བཟོ་བྱེད་པ་དང་གཏན་འཁེལ་གྱི་རིན་གོང་གང་འདོད་དུ་འཕར་བར་བྱེད་མི་ཆོག   གལ་ཏེ་རྫུན་བཟོ་བྱས་ཚེ་ཁྲིམས་ལྟར་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ངེས།  ཨ་ནུ་རྟགས་ཅན་གྱི་ཚོང་རྫས་ནི་ཁྱེད་ཀྱིས་བོད་ཡིག་ཡིག་གཟུགས་སྦྱོང་བའི་བསྡོངས་གྲོགས་དང་ཁྱེད་རང་རིག་གནས་ཀྱི་ཐང་ཆེན་དུ་བསྐྱོད་པའི་རྒྱགས་ཕྱེ་ཡིན།
      ས་གནས། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཨ་ནུ་ཡིག་ཆས་བཟོ་གྲྭ།
      འབྲེལ་གཏུག་ཁ་པར། 13893966466
                                                                                     


འབྲེལ་ཡོད་འོས་སྦྱོར།