logo

སྒང་བ་བོད་ཀྱི་ཆེས་ཐོག་མའི་དྲ་མཛོད་ཆེན་མོ་དངོས་སུ་དབུ་བརྙེས་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-28 ཀློག་གྲངས།:

       ནོར་བཟང་ཚན་རྩལ་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱིས་ལོ་ངོ་གཅིག་ལྷག་གི་འབད་བརྩོན་དང་སློབ་སྦྱོང་གི་ཁྲོད་ང་ཚོ་སྒང་པ་བོད་ཀྱི་དྲ་གནས་ཡོངས་རྫོགས་ཕྱོགས་བསྡུས་བྱས་པའི་དྲ་ཚིགས་ཏེ༼ལམ་སྟོན་དྲ་བ༽ཞེས་པ་ད་ལམ་དངོས་སུ་གཟིགས་མཁན་ཀུན་གྱི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་།


རྩིས་འཁོར་དྲ་ངོས།

ཁ་པར་དྲ་ངོས།

       དྲ་ངོས་འདིར་ད་ཡོད་ཀྱི་བོད་ཀྱི་དྲ་ཚིགས་བདུན་ཅུ་ལྷག་འདུས་ཤིང་། དྲ་ངོས་རིགས་དབྱེ་ལ་རྩོམ་རིག་དང་འཕྲོད་བསྟེན། ཟིན་བྲིས། དཔེ་དེབ། གཞུང་དྲ། ནང་ཆོས། མི་སྒེར། ཆ་འཕྲིན། མཉེན་ཆས། ཁེ་ལས། གློག་བརྙན། རོལ་དབྱངས་སོགས་འདུས་པ་མ་ཟད། སློབ་གླིང་དང་ཚགས་པར། དུས་དེབ་ཀྱི་དྲ་ཚིགས་སོགས་ཀྱང་ཡོད། དྲ་ངོས་འདིར་ཁ་པར་དང་རྩིས་འཁོར་གང་རུང་ལས་འཆར་བས་རྒྱ་ཆེའི་གཟིགས་མཁན་དག་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད། གཞན་ད་དུང་བོད་ཀྱི་ཚོང་འཕྲིན་དྲ་བ་ཞེས་པའི་ཁེ་ལས་འགྲེམ་བརྡའི་སྟེགས་བུ་ཞིག་ཀྱང་མི་འགྱངས་པར་གཏོང་གྲབས་ཡོད་པས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་མཐུན་རྐྱེན་ཡག་པོ་གནང་ཐུབ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།