《ནམ་ཡང་བློས་གཏོང་མི་སྲིད》ཅེས་པའི་སྤྱི་ཕན་གློག་བརྙན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།

སྤྱི་ཕན་གློག་བརྙན《ནམ་ཡང་བློས་གཏོང་མི་སྲིད》ཀྱི་འཁྲབ་ཁྲིད་པ་ཀོན་ཞིན་གྱིས་གསུང་བཤད་གནང་བ།
《ནམ་ཡང་བློས་གཏོང་མི་སྲིད》ཅེས་པའི་སྤྱི་ཕན་གློག་བརྙན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།
ཉེ་ཆར། སྤྱི་ཕན་གློག་བརྙན་ཏེ་བོད་ལྗོངས་ཀྱི་བུ་ཕྲུག་གི་ནང་གསེས《ནམ་ཡང་བློས་གཏོང་མི་སྲིད》ཅེས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་པེ་ཅིང་དུ་བསྡུས་ཤིང་། མིག་སྔར་གློག་བརྙན་འདིའི་གསར་རྩོམ་ཡོངས་སུ་ལེགས་འགྲུབ་བྱུང་ནས་འཁྲབ་སྟོན་པ་གདམ་གྲབས་བྱེད་ཀྱིན་ཡོད་པ་རེད།
གློག་བརྙན《ནམ་ཡང་བློས་གཏོང་མི་སྲིད》ནི་བོད་རིགས་ན་གཞོན་རྩོམ་པ་པོ་ནོར་བུ་ཚེ་རིང་ལགས་ཀྱི་བརྩམས་སྒྲུང《བོད་ལྗོངས་ཀྱི་བུ་ཕྲུག》ཅེས་པ་ལས་བཅོས་སྒྲིག་བྱས་པ་ཡིན་ལ། གཙོ་བོ་བོད་ལྗོངས་ཀྱི་བུ་ཕྲུག་རྣམས་རང་རྒྱལ་གྱི་ནང་ལོགས་ས་ཁུལ་དུ་སློབ་སྦྱོང་བྱས་ནས་འཚར་ལོངས་བྱུང་བའི་གཏམ་རྒྱུད་བརྗོད་ཐོག བོད་ལྗོངས་ཀྱི་རྫོངས་སྟུག་པའི་ཡུལ་སྲོལ་རིག་གནས་དང་དུས་བསྟུན་གྱི་འགྱུར་ལྡོག་མངོན་པར་མཚོན་ཡོད།
