logo

མཚོ་ནུབ་ཁུལ་དུར་ལམ་རྫོང་པཎ་ཆེན་ཤངས་སྡེ་དགོན་པའི་སྙིང་རྗེ་སྨན་ཁང་གནས་གསར་བར་སྤར་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-21 ཀློག་གྲངས།:

མཚོ་ནུབ་ཁུལ་དུར་ལམ་རྫོང་པཎ་ཆེན་ཤངས་སྡེ་དགོན་པའི་སྙིང་རྗེ་སྨན་ཁང་།
མཚོ་ནུབ་ཁུལ་དུར་ལམ་རྫོང་པཎ་ཆེན་ཤངས་སྡེ་དགོན་པའི་སྙིང་རྗེ་སྨན་ཁང་གནས་གསར་བར་སྤར་བ།

  ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དུར་ལམ་རྫོང་པཎ་ཆེན་ཤངས་སྡེ་དགོན་པའི་སྙིང་རྗེ་སྨན་ཁང་གནས་གསར་བར་སྤར་ནས་སྒོ་ཕྱེས་པའི་མཛད་སྒོ་དུར་ལམ་རྫོང་ཤངས་སྡེ་གྲོང་རྡལ་དུ་བསྡུས་པ་རེད།
  པཎ་ཆེན་དགོན་པའི་སྙིང་རྗེ་སྨན་ཁང་ནི་དམངས་ལ་ཁ་ཕྱོགས་པའི་དམངས་ཁྲོད་ཀྱི་སྨན་ཁང་ཞིག་ཡིན་ཞིང་། སྨན་ཁང་གསར་བ་སྒོ་ཕྱེས་རྗེས་ཉལ་ཁྲི་སྔོན་མའི20ནས60རུ་ཇེ་མང་དུ་ཕྱིན་པ་དང་། སྨན་བཅོས་མི་སྣ་མི28རུ་འཕེལ། ལས་སྒོའི་ཁོངས་ཚད་ཀྱང་ནུབ་ལུགས་གསོ་རིག་དང་། ཀྲུང་ལུགས་གསོ་རིག བོད་ལུགས་གསོ་རིག  སོག་ལུགས་གསོ་རིག་བཅས་འདུས་པས། རྒྱ་ཆེའི་ནད་པ་རྣམས་ལ་ཆ་ཚང་བའི་གཞི་རྩའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པ་རེད།
  པཎ་ཆེན་ཤངས་སྡེ་དགོན་པའི་སྙིང་རྗེ་སྨན་ཁང་དུ་ནུབ་ལུགས་གསོ་རིག་ཚན་ཁག་དང་། བོད(སོག)ལུགས་གསོ་རིག་ཚན་ཁག  ཀྲུང་ལུགས་གསོ་རིག་ཚན་ཁག  ཞིབ་བཤེར་ཚན་ཁག  Bབརྒལ་སྙིང་རིས་བརྟག་དཔྱད་ཁང་།  ཀྲུང་ལུགས་མེ་བཙའ་དང་གནོན་འཕུར་ཁང་སོགས་ཚན་ཁག་དུ་མ་ཡོད་ཅིང་། གཙོ་བོ་རྒྱུན་འབྱུང་ནད་རིགས་དང་། མང་འབྱུང་ནད་རིགས། བཅོས་དཀའ་བའི་ནད་རིགས་སོགས་སྨན་བཅོས་བྱེད་ཀྱིན་ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།