མང་རྫོང་དུང་དཀར་གཙགས་དྲུབ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟི་ཚན་རྩལ་ཁེ་ལས་སུ་ཚུད་པ།
རྩོམ་པ་པོ།:མི་ཆུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-01-21
ཀློག་གྲངས།:

མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་གནང་བའི་དཔང་ཡིག
ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཡིག་ཆ་ཨང6པའི་ཁྱབ་བསྒྲགས་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2014ལོའི་ཚན་རྩལ་ཁེ་ལས་ཀྱི་མིང་ཐོའི་གྲས་སུ། མཚོ་ལྷོ་ཁུལ་མང་རྫོང་དུང་དཀར་གཙགས་དྲུབ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟི་ཚུད་ཡོད་པ་རེད། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་གསར་ཏུ་གཏན་འཁེལ་གནང་བའི་ཚན་རྩལ་ཁེ་ལས37གྲས་ཀྱི་གཅིག་ཡིན།
མང་རྫོང་གཙགས་དྲུབ།
༼མང་རྫོང་གཙགས་དྲུབ༽དེ་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིང་ནས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སུ་བདམས་ཤིང་། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་ནས་མཚོ་སྔོན་གྱི་ཁྱད་ཆོས་མངའ་བའི་ཡུལ་སྐོར་ཐོན་རྫས་སུའང་བདམས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
