logo

མཚོ་ལྷོ་ཁུལ་གྱི་མང་ཚོགས་བཞི་ཁྲི་ཆིག་སྟོང་ལ་གློག་མེད་པའི་ལོ་རྒྱུས་དངོས་སུ་མཇུག་རྫོགས་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-20 ཀློག་གྲངས།:
      2014ལོའི་ཟླ12པར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གི་གློག་མེད་འབྲོག་ཁྱིམ་ཞིག་ནས་གློག་བཀར་བ་དང་བསྟུན། ཀྲུང་གོའི་ཏ་ཐང་སྡེ་ཚོགས་ཀྱིས་རོགས་བསྐྲུན་གནང་བའི་གློག་འདོན་བཟོ་སྐྲུན་ཏེ་བྲག་དཀར་རྫོང་དང་། འབའ་རྫོང་། གསེར་ཆེན་རྫོང་བཅས་རྫོང་གསུམ་གྱི་མི41000ལ་ལོ་ངོ་སྟོང་ཕྲག་འགར་སྒྲོན་མེ་བཀར་བའི་ལོ་རྒྱུས་དངོས་སུ་མཇུག་རྫོགས་པ་རེད།
      རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བའི་རེ་བ་དང་། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བར་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བཀོད་སྒྲིག་ལྟར། ཏ་ཐང་སྡེ་ཚོགས་ཀྱིས་རང་འགུལ་གྱིས་མཚོ་སྔོན་དང་འབྲེལ་འདྲིས་བྱས་ནས། རོགས་སྐྲུན་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས། 2014ལོའི་ཟླ7པར་ཏ་ཐང་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་གློག་མེད་པའི་བོད་ཁུལ་ལ་གློག་འདོན་པའི་བཟོ་སྐྲུན་དངོས་སུ་སྤེལ་མགོ་བརྩམས་ཤིང་། བསྡོམས་པས་བྲག་དཀར་རྫོང་གི་དགོན་པ4ལ་རང་རྐྱང་འཕེར་བའི་ཉི་འོད་གློག་འདོན་ས་ཚིགས་བཞི་ལས་པ་དང་། བྲག་དཀར་དང་འབའ། གསེར་ཆེན་བཅས་རྫོང་གསུམ་གྱི་ཞང་གྲོང16གི་ཁྱིམ་ཚང་9119ལྷག་ལ་ཉི་གློག5000བྱིན།
      རྒྱུས་ལོན་པ་ལྟར་ན། 2010ལོ་ནས་བཟུང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ལ། ཏ་ཐང་སྡེ་ཚོགས་ཀྱིས་རང་སྟེང་གི་མ་དངུལ་དང་ལག་རྩལ  ཆེད་ལས་ཀྱི་ཆ་རྐྱེན་ཡག་ཤོས་ལ་བརྟེན་ནས་ས་གནས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཞིང་། གློག་མེད་པའི་ས་ཁུལ་ལ་གློག་འདོན་བཟོ་སྐྲུན་སྤེལ་བ་ལས་གཞན། ད་རུང་བྲག་དཀར་རྫོང་མི་རིགས་སློབ་ཆུང་དང་། བོད་ཀྱི་རིག་གནས་ཐང་ཆེན་འཛུགས་སྐྲུན་བྱས་ཤིང་། དབུལ་ཕོངས་སྡེ་བའི་མི་ཕྱུགས་ཀྱི་འཐུང་ཆུ་དང་། གཞུང་ལམ་ལས་པ་སོགས་ཀྱི་དཀའ་ཁག་སེལ་བ་མ་ཟད། རྫོང་དང་ཁྲུའུ་རིམ་པ་དང་། ཁའོ་རིམ་པའི་ལས་བྱེད་པ114རྩ་འཛུགས་བྱས་ཏེ་ཏ་ཐང་སྡེ་ཚོགས་སྤྱི་ཁྱབ་པུའུ་དང་། མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་གཅིག་བསྡུས་གསོ་སྦྱོང་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་ལྔ་བཏང་བ་རེད།


འབྲེལ་ཡོད་འོས་སྦྱོར།