མཚོ་སྔོན་གྱི་རྫོང་ཁག་ལ་རིག་གནས་པུའུ་ནས་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི་མཚན་སྙན་གནང་བ།
རྩོམ་པ་པོ།:མི་ཆུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-01-16
ཀློག་གྲངས།:
རང་རེའི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ། དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་འཕེལ་རྒྱས་དང་ཕུན་ཚོགས་ལ་སྐུལ་འདེད། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་ཆེད། རིག་གནས་པུའུ་ནས་ན་ནིང་རྒྱལ་ཡོངས་སུ་རྩ་འཛུགས་བྱས་ཏེ2014-2016ལོའི༼ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས༽ཞིབ་དཔྱད་མིང་འདོགས་ཀྱི་བྱ་བ་བསྒྲུབས། ཞིབ་དཔྱད་དང་སྤྱི་བསྒྲགས་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཡུལ་ཚོ༼གྲོང་བརྡལ༽7ལ་རིག་གནས་པུའུ་ནས2014-2016ལོའི༼ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས༽ཞེས་པའི་མཚན་སྙན་གནང་།
རྫོང་དང་ཡུལ་ཚོ༼གྲོང་བརྡལ༽7པོ་ནི། རྐང་ཚ་རྫོང་གི་མཚོ་གཏེར་དང་གསེར་ཁོག་རྫོང་གི་ལའོ་ཡེ་ཧྲན་གྱི་ལ་གླུ། དགོན་ལུང་རྫོང་གི་ཤར་འདན་མའི་ལ་གླུ། གཅན་ཚ་རྫོང་གི་མདའ་རྩེད། མང་རྫོང་བྱ་མདོ་ཡུལ་ཚོའི་བོད་རིགས་ཀྱི་གླུ་གར། ཆུ་དམར་ལེབ་རྫོང་གི་གེ་སར་ཟློས་གར། ཐེམ་ཆེན་རྫོང་གི་རྟ་རྒྱུགས་བཅས་ཡིན།

འབྲེལ་ཡོད་འོས་སྦྱོར།