མཚོ་སྔོན་གྱིས་བཟོ་སྐྲུན་རྒྱུ་སྤུས་བཅོས་སྐྱོང་ལ་ཤུགས་བསྣན་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2015-01-11
ཀློག་གྲངས།:
2014ལོའི་ཟླ9བ་ནས་བཟུང་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ནས་བཟོ་སྐྲུན་རྒྱུ་སྤུས་བཅོས་སྐྱོང་གི་ལོ་གཉིས་ཀྱི་བྱེད་སྒོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཤུགས་ཆེན་པོས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་རྩད་བཅད་པ་མ་ཟད། མཚང་འབྱིན་ཕོད་པ་དང་ཐབས་དྲག་པོ་སྤྱོད་ཕོད་པའི་རྣམ་འགྱུར་བཅངས་ནས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཡོད་པའི་སྐོར་དང་བོའི་ལས་གཞི་འཛུགས་སྐྲུན་ལས་ཁུངས་དང་དེའི་ལས་གཞིའི་འགན་ཁུར་པ། རྩད་ཞིབ་ལས་ཁུངས་དང་དེའི་ལས་གཞིའི་འགན་ཁུར་པ། ཇུས་འགོད་ལས་ཁུངས་དང་དེའི་ལས་གཞིའི་འགན་ཁུར་པ། ལས་ཀ་ལས་པའི་ལས་ཁུངས་དང་དེའི་ལས་གཞིའི་སྤྱི་གཉེར། ལྟ་ཞིབ་ལས་ཁུངས་དང་དེའི་ལས་གཞིའི་སྤྱིའི་ལྟ་སྐུལ་བ་བཅས་ལ་ཆད་པ་གཅོད་ཤུགས་ཇེ་ཆེར་བཏང་བ་མ་ཟད། ཆད་པ་བཅད་པའི་གནས་ཚུལ་གསར་འགྱུར་ལས་ཁུངས་བརྒྱུད་དེ་ཀུན་ལ་བསྒྲགས།
2014ལོའི་ཟླ11པའི་ནང་དུ། མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གསུམ་ཆེད་དུ་རྩ་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཁུལ་དང་གྲོང་ཁྱེར་ལྔ་ནས་བཟོ་སྐྲུན་རྒྱུ་སྤུས་བཅོས་སྐྱོང་གི་ལོ་གཉིས་ཀྱི་འགུལ་སྐྱོད་བྱ་བར་ལྟ་ཞིབ་བྱས། འཛུགས་སྐྲུན་ལས་གཞི་སུམ་ཅུར་འཐེན་ཞིབ་བྱས་པ་དང་། འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་འབུམ་དྲུག་དང་ཁྲི་གཉིས་ལ་ཉེ། ཁྱོན་བསྡོམས་ལས་གཞི་ཆུང་གྲས་སྟོང་ལྔ་དང་དགུ་བརྒྱ་རེ་གཉིས་ལ་ཞིབ་བཤེར་བྱས་ཤིང་། དེའི་ཁྲོད་ཚད་གཞིར་མཐུན་པའི་ལས་གཞི་སྟོང་བཞི་དང་ལྔ་བརྒྱ་དང་བཞི་ཡོད་པ་དང་། ཚད་གཞིར་མི་ལོངས་པའི་ལས་གཞི་སྟོང་གཅིག་དང་བཞི་བརྒྱ་ང་བརྒྱད་ཡོད་ལ། ལས་གཞི་ཚད་གཞིར་ལོན་ཚད་བརྒྱ་ཆའི་དོན་ལྔ་དང་གྲངས་ཆུང་ལྔ་ལ་བསླེབས། ཞིབ་བཤེར་བྱས་རྗེས་ཁྲིམས་སྐྱོང་དགོངས་འཆར་ཡི་གེ་བཅུ་གཅིག་གསར་འདོན་བྱས། །

འབྲེལ་ཡོད་འོས་སྦྱོར།