གློག་བརྙན《ལྷིང་འཇགས་ཀྱི་མཚོ་སྔོན་པོ》ཞེས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ།
རྩོམ་པ་པོ།:མི་ཆུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-01-09
ཀློག་གྲངས།:
འཁྲབ་ཁྲིད་པ་ལི་ཧྭ་ཧྲེང་གིས་གློག་བརྙན་མཚམས་སྦྱོར་གནང་བཞིན་པ།
གློག་བརྙན《ལྷིང་འཇགས་ཀྱི་མཚོ་སྔོན་པོ》ཞེས་པ་ནི་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་སྲིད་གཞུང་གིས་མཚོ་སྔོན་པོར་ཉ་རིགས་གསོ་བའི་ལས་ཀ་སྤེལ་བ་ནས། མཚོ་འགྲམ་དུ་ཉ་པ་བཀག་ཅིང་ཉ་རིགས་གསོ་བའི་ལས་བྱེད་དཔུང་སྡེའི་མི་སེམས་སྒུལ་བའི་ལས་དོན་མཚོན་པའི་དངོས་བྲིས་ཤིག་ཡིན། ཁོ་ཚོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་རེ་གཞག་ཁུར་ཏུ་བླངས་ཏེ། དཀའ་ཚེགས་དང་ཉེན་ཁ་ལ་མ་འཛེམ་པར་དཀའ་སྡུག་གི་འཚོ་བའི་ཁོར་ཡུག་ཁྲོད་ཡུན་རིང་དུ་ངལ་བ་གདོང་གིས་བསུས་པའི་བླ་མེད་ཀྱི་ལས་དོན་ལ་བསྟོད་བསྔགས་གནང་ཡོད།
རྒྱུས་ལོན་པ་ལྟར་ན། གློག་བརྙན་འདི་ཕབ་སྐྲུན་གྱི་སྟ་གོན་ཚགས་སུ་ཆུད་ཅིང་། 2015ལོའི་སྤྱི་ཟླ1པའི་ཟླ་དཀྱིལ་ཙམ་ལ་དངོས་སུ་ཕབ་སྐྲུན་བྱ་རྩིས་ཡོད་ལ། ས་གནས་ཀྱང་མཚོ་བྱང་ཁུལ་དང་མཚོ་ལྷོ་ཁུལ། ཟི་ལིང་སོགས་འཆར་འགོད་གཏན་ཁེལ་གནང་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།