logo

ཚེ་རིང་རྡོ་རྗེ་ལགས་ཀྱི《བོད་ལྗོངས་ཀྱི་དམངས་སྲོལ་རིག་གནས་གླེང་བ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་གནང་བ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-08 ཀློག་གྲངས།:

      《བོད་ལྗོངས་ཀྱི་དམངས་སྲོལ་རིག་གནས་གླེང་བ》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་ཏུ་བསྐྲུན། རྩོམ་པ་པོ་ཚེ་རིང་རྡོ་རྗེ་ལགས་ནི། བོད་ལྗོངས་ལྷ་ས་ནས་ཡིན་ཞིང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། 《བོད་ལྗོངས་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་འགན་ཁུར་མྱོང་།
       དེབ་འདི་ནི་རྩོམ་པ་པོས་མི་ལོ28རིང་གསར་རྩོམ་གནང་བའི་རྒྱ་རྩོམ་དག་ཕྱོགས་བསྡུས་བྱས་ཤིང་། མ་ཟིན་འཚག་འདེམས་ནས་པར་བསྐྲུན་བྱ་རེག་བར་ཏུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་མགོ་ཁྲིད་ཀྱིས། རྩོམ་པ་པོ་ཁོང་ཉིད་ལས་གཞན། ཁོང་གི་ཐུན་མིན་གྱི་གསར་རྩོམ་ཐབས་ལམ་དང་དེབ་འདིར་བཏོན་པའི་སེམས་ཤུགས་ཟབ་མོ་ལས་པར་སྐྲུན་ཐད་ལའང་ཐུགས་ཁུར་ཡག་པོ་གནང་བ་རེད།
       རྩོམ་པ་པོས་བོད་ལྗོངས་ཀྱི་ཐུན་མིན་སྣང་ཚུལ་དང་རིག་གནས་ལ་བརྟེན་ནས། དབུས་པའི་མཐོང་ལམ་བརྒྱུད་དེ་བོད་ལྗོངས་ཀྱི་རིག་གནས་ངོས་དོན་གསལ་རྗེན་དུ་བྲིས་ཡོད་པས། བོད་ལྗོངས་ཀྱི་རིག་གནས་ཀུན་འདུས་ཤིག་ཡིན་ལ་ཡུལ་དེའི་རིག་གནས་རྒྱུས་ལོན་ལ་ཕན་པའི་དེབ་བཟང་ཞིག་ཀྱང་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།