logo

བོད་རིགས་རྩོམ་པ་པོའི་བརྩམས་ཆོས་འགར2014ལོའི《མི་རིགས་ཀྱི་རྩོམ་རིག》བྱ་དགའ་ཐོབ།

རྩོམ་པ་པོ།:གཅན་རྣམ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-07 ཀློག་གྲངས།:

བོད་རིགས་རྩོམ་པ་པོའི་རྩོམ་ཡིག་འགར2014ལོའི《མི་རིགས་ཀྱི་རྩོམ་རིག》བྱ་དགའ་ཐོབ།
2014ལོའི《མི་རིགས་ཀྱི་རྩོམ་རིག》གི་ལོ་མཇུག་སྤྱི་བསྡོམས་དཔྱད་འདེམས་ཚོགས་འདུ་བསྡུས་པ།

  ཉེ་ཆར།   2014ལོའི《མི་རིགས་ཀྱི་རྩོམ་རིག》ལོ་མཇུག་སྤྱི་སྡོམ་དཔྱད་འདེམས་བྱ་དགའ་སྟེར་བའི་ཚོགས་འདུ་པེ་ཅིན་ནས་བསྡུས་ཤིང་།  ཡན་ཅིན་མེན། ཡེ་མེ། ཧྲི་དབྱི་ཉིན། ཧྲི་ཀྲན་ཅོན། ལི་ཞའོ་རྨིན། པའེ་ཁྲུང་རེན། ཀྲའོ་ཡན་པོ། ཧྥན་ཏིག་ཧྭ། ཝང་ཀན།  ཀུག་དབྱི་མའེ། ལིག་ཧྲུའུ་ཆིས།  ལིས་ཅན་ཅིན། ཉིག་དབྱི་ཆིག་བཅས་རྒྱ་ཡིག་དཔྱད་འདེམས་པ་མི13དང་།  ཁྲེན་ཀང་ལུང་དང་།  ཡར་ཏ། བཀྲ་བྷ་སྦྱིན་གནས། ལྷ་བྱམས་རྒྱལ། ཨ་ཧི་མེ་ཐེ། ཨར་ཁིན་ཨ་ རིག་ཙི། མུའུ་ཧི་ཐར།  མུའུ་ནེ། ལིས་ཡོན་ཅི། ཕུའུ་ཝུན་ཧྥུན་བཅས་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་དཔྱད་འདེམས་པ་མི10ཡིས་གཟབ་ནན་དང་།  ནན་ཏན།  ཞིབ་ཚགས་སྒོའི་དཔྱད་འདེམས་དང་། ཡིད་ཚིམ་པའི་བགྲོ་གླེང་གྲོས་སྡུར་གང་མང་བྱས་རྗེས། མིང་བྱང་དངོས་ལ་འདེམས་ཤོག་འཕེན་པའི་རྣམ་པ་སྤྱད་དེ་བརྩམས་ཆོས་བྱ་དགའ་བདམས་ཐོན་བྱུང་། དེའི་ནང་བརྩམས་སྒྲུང10དང་།  ལྷུག་རྩོམ3།   སྙན་ངག5།  ཡིག་སྒྱུར་བརྩམས་ཆོས15། 《ཀྲུང་གོའི་ཕུགས་འདུན》རྩོམ་ཡིག་འགྲན་སྡུར་བརྩམས་ཆོས9བཅས་ཡོད།  ཚོགས་འདུར《མི་རིགས་ཀྱི་རྩོམ་རིག》གི་རྩོམ་སྒྲིག་པ་གཞོན་པ་ཀྲའོ་ཡན་པོས་འགོ་འཛིན་བྱས།
  བྱ་དགའ་ཐོབ་པའི་བོད་རིགས་རྩོམ་པ་པོའི་བརྩམས་ཆོས།
  བརྩམས་སྒྲུང་།
  བོད་རིགས་རྩོམ་པ་པོ་དཔའ་རྩེན་གྱི《མཚམས་མི་ཆད་པའི་ཆར་བ》(བོད་ཡིག་འདོན་ཐེངས6པ)། ལྷུག་རྩོམ།
  བསྟན་འཛིན་གྱི《ལོ་བརྒྱའི་ལི་སྡོང་ཟིན་ཐོ》(རྒྱ་ཡིག་འདོན་ཐེངས7པ)།   
  སྙན་ངག
  ཚའོ་ཡུག་ཡུན་གྱི《སྙན་ངག  མིང་ཚིག  དཔྱིད་ཀ》(རྒྱ་ཡིག་འདོན་ཐེངས8པ)།  
  སེང་གེ་རྡོ་རྗེའམ་སེང་རྡོར་གྱི《བར་སྐབས་ཤིག་གི་ཉིན་མཚན》(བོད་ཡིག་འདོན་ཐེངས4པ)།
  བསྒྱུར་རྩོམ།
  སྤེན་པ་དོན་གྲུབ་ཀྱི《ཕོ་ལོ་བདུན་ཅུར་ཕྱོགས་སུ་ཐོན》(བོད་ཡིག་འདོན་ཐེངས1པོ)།
  ཕུར་ཁོའི《རི་ཆེན་ཕྱིར་དྲན》(བོད་ཡིག་འདོན་ཐེངས5བ)། 
  《ཀྲུང་གོའི་འདུན་མའི》རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ།
  པདྨ་རིག་འཛིན་གྱི་ལྷུག་རྩོམ《རེ་བ》(བོད་ཡིག་འདོན་ཐེངས3པ)།

 


འབྲེལ་ཡོད་འོས་སྦྱོར།