logo

བོད་རིགས་རྩོམ་པ་པོའི་རྩོམ་ཡིག་འགའ་ལ2014ལོའི༼མི་རིགས་ཀྱི་རྩོམ་རིག༽བྱ་དགའ་ཐོབ།

རྩོམ་པ་པོ།:གཅན་རྣམ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-06 ཀློག་གྲངས།:
      སྤྱི་ཟླ12པའི་ཚེས30ཉིན། 2014ལོའི༼མི་རིགས་ཀྱི་རྩོམ་རིག༽ལོ་མཇུག་སྤྱི་སྡོམ་དཔྱད་འདེམས་བྱ་དགའ་སྟེར་བའི་ཚོགས་འདུ་པེ་ཅིང་ནས་བསྡུས།
      ཚོགས་འདུའི་སྟེང་། ཡན་ཅིན་མེན། ཡེ་མེ། ཧྲི་དབྱི་ཉིན། ཧྲི་ཀྲན་ཅོན། ལི་ཞའོ་རྨིན། པའེ་ཁྲུང་རེན། ཀྲའོ་ཡན་པོ། ཧྥན་ཏིག་ཧྭ། ཝང་ཀན། ཀུག་དབྱི་མའེ། ལིག་ཧྲུའུ་ཆིས། ལིས་ཅན་ཅིན། ཉིག་དབྱི་ཆིག་བཅས་རྒྱ་ཡིག་དཔྱད་འདེམས་པ་མི13དང་། ཁྲེན་ཀང་ལུང་དང་། ཡར་ཏ། བཀྲ་བྷ་སྦྱིན་གནས། ལྷ་བྱམས་རྒྱལ། ཨ་ཧི་མེ་ཐེ། ཨར་ཁིན་ཨ་རིག་ཙི། མུའུ་ཧི་ཐར། མུའུ་ནེ། ལིས་ཡོན་ཅི། ཕུའུ་ཝུན་ཧྥུན་བཅས་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་དཔྱད་འདེམས་པ་མི10ཡིས་གཟབ་ནན་དང་། ནན་ཏན། ཞིབ་ཚགས་སྒོས་དཔྱད་འདེམས་དང་། ཡིད་ཚིམ་པའི་བགྲོ་གླེང་གྲོས་སྡུར་གང་མང་བྱས་རྗེས། མིང་བྱང་དངོས་ལ་འདེམས་ཤོག་འཕེན་པའི་རྣམ་པ་སྤྱད་དེ་བརྩམས་ཆོས་བྱ་དགའ་བདམས་ཐོན་བྱུང་། དེའི་ནང་བརྩམས་སྒྲུང10དང་།  ལྷུག་རྩོམ3  སྙན་ངག5   འགྱུར་རྩོམ15  ༼སྙན་ངག༽༼ཀྲུང་གོའི་འདུན་མའི༽རྩོམ་ཡིག་འགྲན་སྡུར་བརྩམས་ཆོས9བཅས་ཡོད།   ཚོགས་འདུར༼མི་རིགས་ཀྱི་རྩོམ་རིག༽གི་རྩོམ་སྒྲིག་པ་གཞོན་པ་ཀྲའོ་ཡན་པོས་འགོ་འཛིན་བྱས།
       དེའི་ཁྲོད་ན། བོད་རིགས་རྩོམ་པ་པོ་དཔའ་རྩེན་གྱི་བརྩམས་སྒྲུང༼མཚམས་མི་ཆད་པའི་ཆར་བ༽༼བོད་ཡིག་དེབ6པ༽ལ་བྱ་དགའ་ཐོབ་པ་དང་། བསྟན་འཛིན་གྱི་ལྷུག་རྩོམ༼ལོ་བརྒྱའི་ལི་སྡོང་ཟིན་ཐོ༽༼རྒྱ་ཡིག་དེབ7པ༽ལ་བྱ་དགའ་ཐོབ།   ཚའོ་ཡུག་ཡུན་གྱི༼སྙན་ངག མིང་ཚིག དཔྱིད་ཀ༽༼རྒྱ་ཡིག་དེབ8པ༽དང་།  སེང་གེ་རྡོ་རྗེའམ་སེང་རྡོར་ལགས་ཀྱི་སྙན་ངག༼བར་སྐབས་ཤིག་གི་ཉིན་མཚན༽༼བོད་ཡིག་དེབ4པ༽བྱ་དགའ་ཐོབ། སྤེན་པ་དོན་གྲུབ་ཀྱི་སྒྱུར་རྩོམ་བརྩམས་སྒྲུང༼ཕོ་ལོ་བདུན་ཅུར་ཕྱོགས་སུ་ཐོན༽༼བོད་ཡིག་དེབ1པོ༽དང་། ཕུར་ཁོའི་སྒྱུར་རྩོམ་ལྷུག་རྩོམ༼རི་ཆེན་ཕྱིར་དྲན་༽༼བོད་ཡིག་དེབ5བ༽གཉིས་ལ་བྱ་དགའ་ཐོབ། པདྨ་རིག་འཛིན་གྱི་ལྷུག་རྩོམ༼རེ་བ༽༼བོད་ཡིག་དེབ3པ༽ལ༼ཀྲུང་གོའི་འདུན་མའི༽རྩོམ་ཡིག་འགྲན་སྡུར་བརྩམས་ཆོས་བྱ་དགའ་ཐོབ་བོ།།


འབྲེལ་ཡོད་འོས་སྦྱོར།