logo

2015ལོའི་ཁྲི་ཀ་རྫོང་གི་མཁར་སྐོར་རྒྱང་རྒྱུག་འགྲན་བསྡུར་བདེ་ལེགས་ངང་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-04 ཀློག་གྲངས།:


2015ལོའི་ཁྲི་ཀ་རྫོང་གི་མཁར་སྐོར་རྒྱང་རྒྱུག་འགྲན་བསྡུར་བདེ་ལེགས་ངང་སྤེལ།

2015ལོའི་ཁྲི་ཀ་རྫོང་གི་མཁར་སྐོར་རྒྱང་རྒྱུག་འགྲན་བསྡུར་བདེ་ལེགས་ངང་སྤེལ།

  སྟོང་ལོ་གསར་བའི་ཉི་གཞོན་མཁའ་ལ་འཕགས་པའི་དུས་བཟང་གི་ཐོག་མ་འདིར། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རིག་གནས་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་སློབ་འབྲིང་སོ་སོའི་རྩལ་སྦྱང་དགེ་རྒན་གྱིས་རོགས་སྒྲུབ་མཛད་དེ། ཁྲི་ཀ་རྫོང་སློབ་གྲྭ་ཆུང་འབྲིང་དང་ལས་ཁུངས་སོ་སོའི་དགེ་སློབ་དང་ལས་བྱེད་རུ་ཁག་སོ་སོས་དགའ་བའི་འཛུམ་དང་སྤོབས་པའི་སྟོབས་ཤུགས་བསྣམས་ནས2015ལོའི་ཁྲི་ཀ་རྫོང་གི་མཁར་སྐོར་རྒྱང་རྒྱུག་འགྲན་བསྡུར་བདེ་ལེགས་ངང་སྤེལ།
  ད་ལོའི་མཁར་སྐོར་རྒྱང་རྒྱུག་ལ་སློབ་ཆུང་རིམ་པའི་ཕོ་མོ་རུ་ཁག་དང་དམའ་འབྲིང་རིམ་པའི་ཕོ་མོ་རུ་ཁག མཐོ་འབྲིང་རིམ་པའི་ཕོ་མོ་རུ་ཁག དར་མའི་རུ་ཁག་ཕོ་མོ་རུ་ཁག་བཅས་ཁྱོན་བསྡོམས་རུ་ཁག་བརྒྱད་དུ་བགོས་ནས་འགྲན་བསྡུར་སྤེལ་ཞིང་། རིང་ཚད་ལ་སྤྱི་ལེ་གཉིས་ལྷག་ཡོད་པའི་ཁྲི་ཀ་རྫོང་གི་གནའ་མཁར་སྲང་ལམ་ལ་བསྐོར་བ་གཅིག་བརྒྱབ་པ་རེད། སློབ་གྲྭ་སོ་སོའི་སྣེ་ཁྲིད་དགེ་རྒན་དང་རྩལ་སྦྱང་དགེ་རྒན་རྣམས་ཀྱིས་རང་རང་སློབ་གྲྭའི་ལུས་རྩལ་ཕྱོགས་སུ་འཇོན་ནུས་ཅན་གྱི་སློབ་མ་དག་གདམ་བསལ་བྱས་ཏེ་གནམ་ལོ་གསར་བའི་ཉིན་ཐོག་མར་རེ་བ་དང་སྤོབས་སེམས་ཀྱིས་ཁེངས་ནས་འགྲན་བསྡུར་ལ་ཞུགས་པར་སླེབས་འདུག སློབ་གྲྭ་སོ་སོའི་རྩལ་སྦྱང་དགེ་རྒན་གྱི་དུས་རྒྱུན་མཛུབ་སྟོན་དང་ཕུན་སུམ་ཚོགས་པའི་སྦྱོང་བརྡར་གྱིས་སློབ་མ་རྣམ་པས་ཀྱང་གང་བཟང་གང་ཡག་གི་འབྲས་བཟང་བླངས། ལྷག་པར་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ཁྱོན་བསྡོམས་འགྲན་ཞུགས་པ་སློབ་མ288ཁྲོད་དུ། སློབ་ཆུང་སྐྱེས་པ་རུ་ཁག་གི་སློབ་མ25དང་། སློབ་ཆུང་སྐྱེས་མ་རུ་ཁག་གི་སློབ་མ15 སློབ་འབྲིང་སྐྱེས་པ་རུ་ཁག་གི་སློབ་མ26དང་། སློབ་འབྲིང་སྐྱེས་མ་རུ་ཁག་གི་སློབ་མ15བཅས་ཀྱིས་ཨང་དང་པོ་ནས་བཅུ་བའི་བར་གྱི་ཨང་རིམ་མཐོན་པོ་བླངས་པ་རེད། ཁྲི་ཀའི་མཁར་སྐོར་རྒྱང་རྒྱུག་འགྲན་བསྡུར་ནི་ཁྲི་ཀ་ས་ཆའི་སྲོལ་རྒྱུན་གྱི་གཞི་རྒྱ་ཆེས་ཆེ་བའི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ལ། གོང་རིམ་གཏན་འཁེལ་ལྟར། ལོ་རེ་རེའི་ཟླ་བ་དང་པོའི་ཚེས་དང་པོའི་ཉིན་མོ་ལ་གཏན་ཁེལ་བྱས་ཡོད་པས། ད་ལོ་ཡང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་འགྲན་བསྡུར་རྣམ་གྲངས་དག་གི་ཁྲོད་གཡུར་ཟའི་འབྲས་བཟང་བླངས་པ་འདིས་སློབ་གྲྭའི་རིག་གནས་དཔལ་ཡོན་ཕུན་སུམ་ཚོགས་པའི་དན་རྟགས་ལེགས་གྲས་ཤིག་ཅིས་མ་ཡིན།


འབྲེལ་ཡོད་འོས་སྦྱོར།