《རོང་འབྲོག་པའི་རྨང་གཞིའི་སྨན་བཅོས་ཤེས་བྱ་དང་བདེ་ཐང་རྒྱུན་ཤེས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-12-29
ཀློག་གྲངས།:
《རོང་འབྲོག་པའི་རྨང་གཞིའི་སྨན་བཅོས་ཤེས་བྱ་དང་བདེ་ཐང་རྒྱུན་ཤེས》པར་སྐྲུན་འགྲེམ་སྤེལ་བྱས།
ཉེ་ཆར། གངས་དབང་སྒྲོལ་མ་ལགས་ཀྱིས་བསྒྱུར་སྒྲིག་བྱས་པའི་བོད་རྒྱ་ཤན་སྦྱར་གྱི་ཀློག་དེབ《རོང་འབྲོག་པའི་རྨང་གཞིའི་སྨན་བཅོས་ཤེས་བྱ་དང་བདེ་ཐང་རྒྱུན་ཤེས》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།
དཔེ་དེབ་འདི་ནི་རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ལ་འཕྲོད་བསྟེན་གྱི་རྒྱུན་ཤེས་མི་འདང་བའི་གནས་ཚུལ་དངོས་ལ་གཞིགས་ནས་བསྒྲིགས་ཤིང་། གཙོ་བོ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་མིའི་ལུས་ཁམས་ཀྱི་གྲུབ་ཚུལ་དང་། རྒྱུན་མཐོང་གི་འགོས་ནད་རིགས། ཨེ་ཙའི་ནད་སོགས་ཀྱི་ནད་རིགས་ངོས་འཛིན་དང་རྒྱུ་རྐྱེན་ངོ་སྤྲོད་བྱས་ཡོད་པར་མ་ཟད། ཇི་ལྟར་སྔོན་འགོག་དང་སྨན་བཅོས་བྱེད་དགོས་པའི་སྐོར་བཀོད་འདུག
འབྲེལ་ཡོད་འོས་སྦྱོར།