སྨི206ཡོད་པའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་ཕོ་བྲང་པོ་ཏ་ལ་རུ་བཀྲམ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-12-25
ཀློག་གྲངས།:

སྨི206ཡོད་པའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་ཕོ་བྲང་པོ་ཏ་ལ་རུ་བཀྲམ་པ།
སྨི206ཡོད་པའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་ཕོ་བྲང་པོ་ཏ་ལ་རུ་བཀྲམ་པ།
ཟླ12པའི་ཚེས24ཉིན། རིང་ཚད་ལ་སྨི206དང་མཐོ་ཚད་ལ་སྨི0.8ཡོད་པའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་དེ་ཕོ་བྲང་པོ་ཏ་ལ་རུ་བཀྲམ་ཞིང་། དེ་ནི་བོད་ལྗོངས་ཀྱི་ཡིག་མཁན་ཉན་ཤུལ་རྡོ་རྗེ་དོན་གྲུབ་དང་དགེ་མིང་འཇམ་དཔལ་གཉིས་ཀྱིས་ལོ་བཞིའི་རིང་ལ་བརྩམས། དེའི་ཁྲོད་ཞང་ཞུང་ཡི་གེ་དང་། དབུ་ཅན། དབུ་མེད་སོགས་བོད་ཡིག་ཡིག་གཟུགས་རིགས177བྲིས་པར་བརྒྱུད་ནས་བོད་ཡིག་ཡིག་གཟུགས་ཀྱི་འཕེལ་རིམ་སོགས་བཀོད་པ་དང་། དེ་ལས་གཞན་བོད་ལྗོངས་ཀྱི་ལྷ་རིས་པ་གྲགས་ཅན་དང་ཀརྨ་སྒར་བྲིས་ཀྱི་རྒྱུད་འཛིན་པ་བསྟན་དགའ་ལགས་ཀྱིས་བྲིས་པའི་བོད་ཀྱི་ཡིག་མཁན32ཀྱི་སྐུ་བརྙན་ཡང་བཀྲམ་པ་རེད།
འབྲེལ་ཡོད་འོས་སྦྱོར།
