《ཞིང་གྲོང་གི་འགྱུར་ཁུགས》ཞེས་པའི་རྩོམ་བསྡུའི་བརྡ་ཐོ།

《ཞིང་གྲོང་གི་འགྱུར་ཁུགས》ཞེས་པའི་དུས་དེབ།
《ཞིང་གྲོང་གི་འགྱུར་ཁུགས》ཞེས་པའི་དུས་དེབ།
རྒྱ་ཆེའི་བོད་རིགས་སྨྱུག་ཐོགས་ཡོངས་ལ་ཕུལ་བའི་གསལ་བརྡ།
མདོ་སྨད་ཁྲི་ཀ་རྫོང་སེར་བརྒྱའི་ཞིང་གྲོང་གི་རྩོམ་རིག་དེབ《ཞིང་གྲོང་གི་འགྱུར་ཁུགས》ཞེས་པའི་ལོ་དེབ་འདི་ཉིད་སྤྱི་ལོ2000ལོ་ནས་པར་སྐྲུན་གྱི་འགོ་བརྩམས་ཤིང༌། དེ་ཡང་དང་པོ་སྣུམ་པར་ལག་བྲིས་མ་དང༌། དེ་ནས་ཚགས་པར་གསར་ཤོག་ཅན། ཕྱིས་སུ་དེབ་གཟུགས་སྤུས་ལེགས་ཅན་དུ་བསྒྱུར་ནས་སྤྱི་ལོ2012ཙམ་གྱི་བར་དུ་ཁྱོན་དེབ་གྲངས་བཅུ་གཅིག་ཙམ་འགྲེམ་སྤེལ་བྱས། ཡིན་ནའང་རྐྱེན་དབང་གིས་རེ་ཞིག་ཐང་ལྷོད་དུ་གྱུར་ནའང༌། ད་ལོ་ཡང་བསྐྱར་ངེད《ཞིང་གྲོང་གི་འགྱུར་ཁུགས》རྩོམ་སྒྲིག་ཁང་གིས་ཀུན་སློང་རྨ་མེད་པའི་རྨང་བསླངས་ཏེ་ཞིང་གྲོང་གི་མི་བུ་དག་ལ་ཁ་གཏད་ནས་རེ་ཆད་དང་བག་འཁུམས་ཀྱི་འདུ་ཤེས་ལས་རིང་དུ་བརྒལ་ཏེ་མཐུན་སྒྲིལ་གྱི་རྒྱ་དམ་ཞིང་གོ་རྟོགས་ཀྱི་ཚད་མཐོ་བ། ཡུམ་སྐད་ལ་ཞེ་དུང་བ་བཅས་མི་ཚེའི་རིན་ཐང་ལྟ་བའི་ཤེས་རིག་གི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྐྲུན་ཆེད་དཔྱད་བསྡུར་བ་སྐོར་ཞིག་རྩ་འཛུགས་ཀྱིས་དེབ་གཞིའི་ལེ་ཚན་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་ཡོད་པས། དེར་མཐུན་གྱི་ནང་དོན་ལྟར་བརྩམས་ཆོས་བསྡུ་རྒྱུ་ཡིན།
ནང་དོན་འདི་ལྟར། (1)གནའ་དེང་སྙན་ངག (2)ཞིང་འབྲོག་མང་ཚོགས་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བརྩམས་ཆོས། (རྩོམ་ལུས་གང་རུང་།) (3)ཞིང་གྲོང་དང་འབྲེལ་ཡོད་ཀྱི་སློབ་གསོའི་བརྩམས་ཆོས། (རྩོམ་ལུས་ལྷུག་རྩོམ།) (4)དམངས་སྲོལ་རྩོམ་རིག (5)བདེ་ཐང་སྐོར་གྱི་ཤེས་བྱ་ངོ་སྤྲོད།
(བརྗོད་བྱེད་ཚིག་འགྲོས་ཡངས་ཤིང་བརྗོད་བྱ་གནད་དུ་ཐིངས་པ། བསམ་བློར་ཡར་སྐུལ་གྱི་ནུས་པ་ཐོན་པ་བཅས་ཡིན་དགོས།)
རྩོམ་བསྡུའི་དུས་ཡུན། 2014ལོའི་སྤྱི་ཟླ12པའི་ཟླ་མཇུག་ནས་བསྡུ་མཚམས་འཇོག་རྒྱུ་ཡིན།
རྩོམ་སྒྲིག་པ། པདྨ་འབུམ། ཁྲི་སྨྱུག་ཞེན། སེ་མཁའ་འབུམ།
རྩོམ་སྒྲིག་ལག་བསྟར་པ། ཁྲི་སྲས་དྲུག་འགྱུར། ཁྲི་ལྕགས་ནག་པོ།
འབྲེལ་གཏུག་ཨང་གྲངས། 15597666608 & 15089018500
རྩོམ་བསྐུར་ཡུལ། sergyavillage@163.com
མདོ་སྨད་ཁྲི་ཀ་རྫོང་སེར་བརྒྱའི《ཞིང་གྲོང་གི་འགྱུར་ཁུགས》རྩོམ་སྒྲིག་སྡེ་ཁག་ནས།
