logo

ནོར་བུ་རྡོ་རྗེ་ཡིས་རང་བྱུང་སྙན་དབྱངས་འགྲན་སྡུར་གྱི་མཚོ་སྔོན་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-21 ཀློག་གྲངས།:
  ཟླ11པའི་ཚེས15ཉིན། 2014ལོའི་བོད་ལྗོངས་ཀྱི་རང་བྱུང་སྙན་དབྱངས་འགྲན་སྡུར་ཞེས་པའི་མཚོ་སྔོན་འགྲན་ཁུལ་གྱི་འགྲན་སྡུར་ཟི་ལིང་དུ་སྤེལ་ཞིང་། མཚོ་སྔོན་དང་ཀན་སུའུ་ཡི་བོད་ཁམས་ནས་ཡོང་བའི་མི་བརྒྱ་ལ་ཉེ་བ་འགྲན་སྡུར་ལ་ཞུགས་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མ་ནོར་བུ་རྡོ་རྗེ་ལགས་ཀྱིས་ཟི་ལིང་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས་པ་རེད།
  འགྲན་སྡུར་གྱི་གོ་རིམ་ཁྲོད་ནོར་བུ་རྡོ་རྗེ་ལགས་སྐོར་ཐེངས་གསུམ་གྱི་འགྲན་སྡུར་བརྒྱུད་ཅིང་། ཁོང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དང་རོལ་དབྱངས་ཀྱི་བྱང་ཚད་ལེགས་པོར་བརྟེན་ནས་ཟི་ལིང་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས་ལ། འགྲན་སྡུར་ཁྲོད་གཟེངས་སུ་ཐོན་པའི་འགྲན་ཞུགས་པ་གཞན་མི་གསུམ་དང་མཉམ་དུ་བོད་ལྗོངས་སུ་སོང་ནས་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་དུ་ཞུགས་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།