བོད་ལྗོངས་གཡག་རྟེན་མཛོད་གླིང་དེ་རིན་མི་ལེན་པར་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-11-17
ཀློག་གྲངས།:

གཡག་མགོའི་འགྲེམ་ཁུལ་དུ་བཀྲམ་པའི་གཡག་མགོ128།
གཡག་རྟེན་མཛོད་གླིང་དུ་ཉར་བའི་ཁལ་མའི་མཁོ་ཆས་སྣ་ཚོགས།
ཟླ11པའི་ཚེས15ཉིན། བོད་ལྗོངས་གཡག་རྟེན་མཛོད་གླིང་དེ་རིན་མི་ལེན་པར་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེས་ཤིང་། དེ་ནི་པེ་ཅིང་གྲོང་ཁྱེར་གྱིས་ལྷ་སར་ཁ་གཏད་རོགས་སྐྱོར་གནང་བའི་རིག་གནས་ལས་གྲྭ་གལ་ཆེན་ཞིག་ཡིན་པ་རེད།
བོད་ལྗོངས་གཡག་རྟེན་མཛོད་གླིང་ནི་ལྷ་སའི་སྐྱིད་ཆུའི་ལྷོ་འགྲམ་གྱི་སྣེའུ་གསར་སྤེལ་ས་ཁུལ་དུ་བསྐྲུན་ཡོད་ཅིང་། བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ10000ལ་ཉེ་བ་དང་། འཛམ་གླིང་སྟེང་གཡག་བརྗོད་གཞིར་བྱས་པའི་རྟེན་མཛོད་གླིང་ཐོག་མ་ཡིན་ལ། དེ་རུ་ཉར་ཚགས་དང་འགྲེམ་སྟོན། ཚན་རིག་ཞིབ་འཇུག་སོགས་སྤེལ་བཞིན་པའི་ཁར། དེ་ནི་གཡག་དང་འབྲེལ་བའི་དངོས་རྫས་ཉར་ཚགས་དང་རིག་གནས་བརྒྱུད་སྒྲོག་བྱེད་པའི་སྤྱི་ཕན་རང་བཞིན་གྱི་སྤྱི་བའི་རིག་གནས་སྡེ་ཁག་ཞིག་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
