logo

《གཙོད》ཅེས་པར་ཀྲུང་གོའི་བརྙན་འཕྲིན་གསེར་གླག་རྟགས་མའི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-05 ཀློག་གྲངས།:


《གཙོད》ཅེས་པར་ཀྲུང་གོའི་བརྙན་འཕྲིན་གསེར་གླག་རྟགས་མའི་བྱ་དགའ་ཐོབ་པ།

     རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་རང་ནས་བསྐྲུན་པའི་རྒྱ་བོད་སྐད་གཉིས་ཀྱི་མུ་འབྲེལ་འགུལ་རིས་བརྙན་འཕྲིན་ལེའུ་ལྔའི་བདག་ཉིད་ཅན《གཙོད》ཅེས་པར་ཀྲུང་ གོའི་བརྙན་འཕྲིན་གསེར་གླག་རྟགས་མའི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།  འདི་ནི་མཚོ་སྔོན་གྱི་འགུལ་རིས་བརྙན་འཕྲིན་ལེ་ཚན་ལ་སྲིད་གཞུང་གིས་གནང་བའི་རྟགས་མ་མཐོ་གྲས་ཤིག་ཡིན།
     ཀྲུང་གོའི་བརྙན་འཕྲིན་གསེར་གླག་རྟགས་མ་ནི་ཀྲུང་ཨུའི་དྲིལ་སྒྲོག་པུའུ་ནས་ཆོག་མཆན་གནང་ཞིང་། ཀྲུང་གོའི་རྩོམ་སྒྱུར་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པ་མཐུན་ཚོགས་ནས་མཉམ་འབྲེལ་གྱིས་གཙོ་སྒྲུབ་གནང་བའི་རྒྱལ་ཡོངས་རང་བཞིན་གྱི་བརྙན་འཕྲིན་སྒྱུ་རྩལ་སྣ་འཛོམས་རྟགས་མ་ཞིག་ཡིན་ལ། མང་ཚོགས་ཀྱིས་དཔྱད་འདེམས་གཙོ་ཆེར་གནང་བའི་རྒྱལ་ཁབ་རིམ་པའི་བརྙན་འཕྲིན་སྒྱུ་རྩལ་གྱི་རྟགས་མ་ཞིག་ཀྱང་ཡིན།
     ཀྲུང་གོའི་བརྙན་འཕྲིན་གསེར་གླག་རྟགས་མ་སྐབས27པ་དེ་ཀྲུང་གོའི་རྩོམ་སྒྱུར་མཉམ་འབྲེལ་ལྷན་ཚོགས་དང་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་།  ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་སྟེ།  དཔྱད་འདེམས་བརྒྱུད་བརྙན་འཕྲིན་ཟློས་གར་ཁག103དང་།  བརྙན་འཕྲིན་རིག་རྩལ་ལེ་ཚན་ཁག158   དངོས་བཤུས་བརྙན་འཕྲིན་ཁག164   འགུལ་རིས་བརྙན་འཕྲིན་ཁག28  སྤྱི་ཕན་བརྡ་ཁྱབ་ཁག72   མདོ་འཛིན་པ58བཅས་འགྲན་སྡུར་ལ་ཞུགས་པ་རེད། འགུལ་རིས་བརྙན་འཕྲིན་ཁག28ལས།  མཚོ་སྔོན་ཞིང་ཆེན་མི་རིགས་འགུལ་རིས་དར་སྤེལ་ལྟེ་གནས་དགའ་སྤྲོའི་འགུལ་རིས་རིག་གནས་ཚན་རྩལ་དར་སྤེལ་ཚད་ཡོད་ཀུང་ཟིས་གསར་སྐྲུན་གནང་བའི་འགུལ་རིས་བརྙན་འཕྲིན 《གཙོད》ཅེས་པར་བྱ་དགའ་ཐོབ་པ་རེད།
     ཀུང་ཟི་དེས་མི་རིགས་དང་ས་བབ།རིག་གནས་བཅས་ཀྱི་ཁྱད་ཆོས་གཙོར་བཟུང་ནས། ས་གནས་རིག་གནས་ཀྱི་ཉིང་བཅུད་གཅིག་བསྡུས་ཀྱིས་བརྙན་འཕྲིན་འཁྲབ་གཞུང་གསར་སྐྲུན་དང་སྒྲིག་བཟོའི་ལས་ལ་འཇུས་ཏེ།  ལོ་ངོ་གསུམ་གྱི་རིང་ལ་རྒྱ་བོད་སྐད་གཉིས་ཀྱི་མུ་འབྲེལ་འགུལ་རིས་བརྙན་འཕྲིན་ལེའུ་ལྔའི་བདག་ཉིད་ཅན་གྱི《ཤེས་རབ་ཀྱི་རྩལ་འཚོལ་བ》དང《གཙོད》ཅེས་པ་གཉིས་སྒྲིག་བཟོ་དང་སྐད་བསྒྱུར།  པར་སྐྲུན་འགྲེམ་སྤེལ་དང་ཞར་བྱུང་ཞིབ་འཇུག་གི་ལས་ལ་འབད་པས། 《ཤེས་རབ་ཀྱི་རྩལ་འཚོལ་བ》ཞེས་པར་ཀྲུང་གོའི་ནུབ་རྒྱུད(རྒྱལ་སྤྱི)གློག་བརྙན་རིག་རྩལ་དུས་ཆེན་སྐབས་གཉིས་པའི་བྱ་དགའ་ཨང་དང་པོ་དང་།《གཙོད》ཅེས་པར་ད་ལོར་ཀྲུང་གོའི་ནུབ་རྒྱུད(རྒྱལ་སྤྱི)གློག་བརྙན་དུས་ཆེན་སྐབས་གསུམ་པའི་གཏམ་བརྗོད་ཟློས་གར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
 


འབྲེལ་ཡོད་འོས་སྦྱོར།