logo

2014ལོའི་རྒྱལ་ཡོངས་མི་རིགས་སྐད་ཡིག་ལས་དོན་གྱི་ཡུལ་དངོས་ཚོགས་འདུ་ཀེའུ་ཀྲིག་ནས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-03 ཀློག་གྲངས།:

2014全国民族语文工作现场会在贵州省雷山县召开
2014ལོའི་རྒྱལ་ཡོངས་མི་རིགས་སྐད་ཡིག་ལས་དོན་གྱི་ཡུལ་དངོས་ཚོགས་འདུ་ཀེའུ་ཀྲིག་ནས་བསྡུས་པ།

  ཟླ10པའི་ཚེས28ཉིན་ནས་ཚེས30ཉིན་བར། རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་གྱི་ཡུལ་དངོས་ཚོགས་འདུ་དེ་ཀེའུ་ཀྲིག་ནས་བསྡུས་ཤིང་། ཐེངས་འདིའི་ཚོགས་འདུའི་ནང་དོན་གཙོ་བོ་ནི། གཅིག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བའི་དགོངས་དོན་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཁག་ཅིག་དང་ཡིག་ཆ། གསུངས་བཤད་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ། གཉིས་ནས་མི་རིགས་སྐད་ཡིག་ལས་དོན་གྱི་གནས་ཚུལ་སྤྱི་བསྡོམས་དང་བགྲོ་གླེང་བྱས་ཐོག   ཀེའུ་ཀྲིག་ཞིང་ཆེན་གྱི་སྐད་གཉིས་ཀྱི་འཆམ་མཐུན་་དང་མི་རིགས་མཐུན་སྒྲིལ་ལ་བསྐུལ་བ་ཞེས་པའི་བྱ་བའི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་བརྡུལ་དུ་གཏོང་བ། གསུམ་ནས་རྗེས་མའི་དུས་ཡུན་གཅིག་ནང་གི་མི་རིགས་སྐད་ཡིག་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་བཅས་གསུམ་དུ་འདུས།
  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་མི་རིགས་སྐད་ཡིག་ལས་དོན་གྱི་ཡུལ་དངོས་ཚོགས་འདུའི་སྟེང་ནང་སོག་དང་པེ་ཅིང་། ཧེ་ལུང་ཅང་། ཀོང་ཞི། ཀན་སུའུ། ཡུན་ནན། བོད་ལྗོངས། མཚོ་སྔོན། ཞིན་ཅང་སོགས་ནས་ཡོང་བའི་འབྲེལ་ཡོད་མི་སྣ120ལྷག་ཞུགས་ཡོད་པ་རེད། 
  སྐད་གཉིས་འཆམ་མཐུན་གྱི་དམིགས་འབེན་ནི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་སློབ་སྦྱོང་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ཁྲོད་ལེགས་པོར་འཚོ་བར་སྣེ་སྟོན་དང་སྐུལ་འདེད་གནང་བ་དང་། རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་བྱེད་པ། གྲངས་ཉུང་མི་རིགས་ས་ཁུལ་དུ་ལས་ཀ་གཉེར་བའི་རྒྱལ་ཁབ་ཀྱི་གཞུང་སྒྲུབ་མི་སྣས་ཡུལ་དེའི་གྲངས་ཉུང་མི་རིགས་ཀྱི་སྐད་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བྱེད་པ་བཅས་ཡིན་པ་རེད།
 


འབྲེལ་ཡོད་འོས་སྦྱོར།