logo

བོད་ལྗོངས་སྤྱི་ཕན་རྩ་འཛུགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐིག་དམར་བྱ་དགའ་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-28 ཀློག་གྲངས།:


ཕན་བདེ་པ་མཐུན་ཚོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐིག་དམར་བྱ་དགའ་ཐོབ་པ།

  ཉེ་ཆར། བོད་ལྗོངས་སྤྱི་ཕན་རྩ་འཛུགས་ཕན་བདེ་པ་མཐུན་ཚོགས་ཞེས་པར2014ལོའི་མཉམ་འབྲེལ་རྒྱལ་ཚོགས་འདོན་སྤེལ་འཆར་བཀོད་ལས་ཁུངས་ཀྱི་ཐིག་དམར་བྱ་དགའ་ཐོབ་པ་རེད། མིག་སྔའི་བར་དུ་ཀྲུང་གོའི་རྩ་འཛུགས་གཉིས་ལ་བྱ་དགའ་ཐོབ་ཡོད་པ་སྟེ། 2012ལོར་སི་ཁྲོན་ཁམས་མེ་སྡོད་ཁུལ་གོང་སྤེལ་དང་ཚོང་རའི་ཇུས་འགོད་ཞབས་ཞུ་ལྟེ་གནས་དང་ད་ལོའི་ཕན་བདེ་པ་མཐུན་ཚོགས་གཉིས་ཡིན་པ་རེད།


སྐྱེ་དངོས་སྲུང་སྐྱོབ་ཀྱི་སྐོར་མཚམས་སྦྱོར་བཤད་བཞིན་པ།

  ཕན་བདེ་པའི་ལས་གཞི་ནི1994ལོར་བོད་ལྗོངས་ནགས་ལས་ཐིན་དང་ཨ་རིའི་མི་རབས་གསར་བའི་ཐེབས་རྩ་ཚོགས་པ་གཉིས་ཀྱིས་ཇོ་མོ་གླང་རིའི་རྒྱལ་ཁབ་རིམ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་སྤེལ་འགོ་བརྩམས་ཤིང་། ལས་གཞི་འདིས་གཙོ་བོ་དམངས་ཀྱིས་ཆེས་ཐུགས་ཁུར་བྱེད་བཞིན་པའི་བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་བདེ་སྲུང་དང་ཁོར་ཡུལ་སྲུང་སྐྱོབ་ནས་བཟུང་སྟེ་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་དང་སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ཁྱབ་ཁོངས་སུ་ཁེབས་ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།