logo

མཚོ་སྔོན་པོར་འབྲུག་གིས་ཆུ་འཐུང་བའི་སྣང་ཚུལ་ངོ་མཚར་ཅན་བྱུང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-22 ཀློག་གྲངས།:

青海湖现“龙吸水”奇景
མཚོ་སྔོན་པོའི་མཚོ་སྙིང་གི་བྱང་ངོས་སུ་འབྲུག་གིས་ཆུ་འཐུང་བའི་སྣང་ཚུལ་བྱུང་བ།

  ཟླ10པའི་ཚེས20ཉིན་གྱི་ཆུ་ཚོད9:30སྟེང་། མཚོ་སྔོན་པོར་འབྲུག་གིས་ཆུ་འཐུང་བའི་སྣང་ཚུལ་ངོ་མཚར་ཅན་བྱུང་ལ། སྐར་མ40ཡས་མས་སུ་མདོག་དཀར་པོའི་ཆུ་སྡོང་དགུ་མཚོ་ནང་དུ་ཟུག་འདུག་ཅིང་།   གནམ་གཤིས་ཆེད་མཁས་པས་གསུངས་པ་ལྟར་ན་བལྟོས་རྒྱུག་དྲག་པོའི་གནམ་གཤིས་ཀྱི་སྐབས་སུ་འབྲུག་གིས་ཆུ་འཐུང་བའི་སྣང་ཚུལ་འབྱུང་བ་ཡིན་ཟེར།


མཚོ་སྔོན་པོའི་མཚོ་སྙིང་གི་བྱང་ངོས་སུ་འབྲུག་གིས་ཆུ་འཐུང་བའི་སྣང་ཚུལ་བྱུང་བ།

  2014ལོར་མཚོ་སྔོན་དུ་བལྟོས་རྒྱུག་གནམ་གཤིས་འབྱུང་ཚད་སྔོན་ལོ་དང་བསྡུར་ན་ཇེ་མང་དུ་སོང་ཡོད་ཅིང་། རླུང་ཁམས་ཆེན་པོའི་ཁྲོད་ཀྱི་ནུས་ཤུགས་སྔོན་ལས་ཇེ་དྲག་ཏུ་སོང་འདུག  དེ་ནི་ཕལ་ཆེར་མཚོ་སྔོན་པོར་ཆུའི་རླུང་འཚུབ་ཐེངས་དགུར་བྱུང་བའི་གནམ་གཤིས་ཀྱི་རྐྱེན་ཡིན་པ་རེད།

 


འབྲེལ་ཡོད་འོས་སྦྱོར།