འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ནུབ་བྱང་དགེ་ཐོན་སློབ་ཆེན་དུ་གློག་བརྙན་སློབ་ཁྲིད་གནང་བ།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ནུབ་བྱང་དགེ་ཐོན་སློབ་ཆེན་དུ་གློག་བརྙན་སློབ་ཁྲིད་གནང་།
ཉེ་སྔོན། ལན་གྲུ་རུ་ཀྲུང་གོའི་གསེར་བྱ་མེ་ཏོག་སྣ་བརྒྱ་བྱ་དགའི་གློག་བརྙན་དུས་ཆེན་དུ་ཞུགས་པའི་བོད་རིགས་འཁྲབ་ཁྲིད་པའམ་སྐད་གཉིས་རྩོམ་པ་པོ། རྩོམ་རིག་ལོ་ཙཱ་བ་པདྨ་ཚེ་བརྟན་ནི་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་གདན་ཞུ་བྱས་ཏེ། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་འཚོལ་བ་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་མཉམ་དུ་གློག་བརྙན་གླེང་བ་ཞེས་པའི་བྱ་འགུལ་སྤེལ་ཞིང་། སློབ་གླིང་གི་དགེ་སློབ400ལྷག་ཐེངས་འདིའི་འབྲེལ་འདྲིས་གླེང་མོལ་དུ་ཞུགས་པ་རེད།

ཡུལ་དངོས།
བྱ་འགུལ་ཁྲོད་པདྨ་ཚེ་བརྟན་གྱིས་དེ་སྔ་གསེར་བྱའི་བྱ་དགའ་ཐོབ་པའི་གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འགྲེམ་གཏོང་བྱས་པ་མ་ཟད། གློག་བརྙན་གྱི་འཁྲབ་གཞུང་གསར་རྩོམ་དང་། ཕབ་སྐྲུན་ནུས་རྩལ། དུས་མཇུག་གི་སྒྲིག་བཟོ། སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་མིན་སོགས་ཀྱི་ཐད་ནས་སྟབས་བདེ་ངང་གསལ་འགྲེལ་གནང་བ་དང་། རང་ཉིད་ཀྱི་གློག་བརྙན་ཕབ་སྐྲུན་ལམ་བུ་དང་། འཁྲབ་གཞུང་གསར་རྩོམ། བརྙན་གཟུགས་དྲིལ་སྒྲོག གློག་བརྙན་གྱི་དོན་བརྗོད་བྱེད་ཐབས་སོགས་ནང་དོན་ཐད་ནས་དགེ་སློབ་རྣམས་དང་གཏིང་ཟབ་པའི་སྒོ་ནས་འབྲེལ་འདྲིས་དང་གླེང་མོལ་བྱས།
