བོད་ལྗོངས་ཀྱི་ཞིབ་འཇུག་གྲུབ་འབྲས་རྣམ་གྲངས3ལ་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཐོབ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-17
ཀློག་གྲངས།:
བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ལམ་སློབ་གསོ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི2014ལོའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའི་རྣམ་གྲངས་ཀྱི་མིང་ཐོ་ཁྲོད། བོད་ལྗོངས་ཀྱི་ཞིབ་འཇུག་གྲུབ་འབྲས3ལ་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཐོབ་པ་སྟེ། ལྷ་ས་གྲོང་ཁྱེར་ཕྱི་སྐད་སློབ་གྲྭའི་བོད་ཡིག་ཚན་ཁག་གིས་ཡར་ཞུ་བྱས་པའི་རོང་འབྲོག་ཁུལ་གྱི་མཐོ་འབྲིང་སློབ་མའི་བོད་ཡིག་སྐར་འབྲས་འབུར་ཐོན་ཐབས་ཇུས་དང་། པེ་ཅིན་གྲོང་ཁྱེར་བོད་ལྗོངས་སློབ་འབྲིང་གི་ཀྲང་མེ་སོགས་ཀྱིས་ཡར་ཞུ་བྱས་པའི་ནང་ལོགས་བོད་ལྗོངས་འཛིན་གྲྭའི་བོད་རིགས་མཐོ་འབྲིང་སློབ་མའི་སེམས་ཁམས་ཞིབ་འཇུག་དང་ཐེ་གཏོགས་ལག་ལེན་བཅས་ཞིབ་འཇུག་གྲུབ་འབྲས་རྣམ་གྲངས་གཉིས་ལ་རྨང་གཞིའི་སློབ་གསོ་རིགས་ཀྱི2014ལོའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཧྥང་ལིན་མེ་སོགས་ཀྱིས་ཡར་ཞུ་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་བཞིའི་སློབ་གསོ་སྐུལ་འདེད་དང་། ཡིད་རྟོན་རུང་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ཞིབ་འཇུག་གྲུབ་འབྲས་ལ་མཐོ་རིམ་སློབ་གསོའི་རིགས་ཀྱི2014ལོའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྒྱལ་ཡོངས་ཁྱབ་ཁོངས་སུ་བསྡོམས་པས་རྣམ་གྲངས1320ལ2014ལོའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཐོབ་ཅིང་། དེ་ལས་གྲུབ་འབྲས་རྣམ་གྲངས5ནི་ཕུལ་བྱུང་བྱ་དགའ་དང་། གྲུབ་འབྲས་རྣམ་གྲངས148ནི་བྱ་དགའ་ཨང་དང་པོ། གྲུབ་འབྲས་རྣམ་གྲངས1167ལ་བྱ་དགའ་ཨང་གཉིས་པ་བཅས་ཐོབ་པ་རེད།

འབྲེལ་ཡོད་འོས་སྦྱོར།