རེབ་གོང་སྒྱུ་རྩལ་ཀོང་ཀྲིག་དང་ཐེན་ཅིན་དུ་འགྲེམ་སྟོན་བྱེད་རྒྱུ་ཡིན་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-13
ཀློག་གྲངས།:
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་ནས་རྒྱུས་ལོན་པ་ལྟར་ན། རེབ་གོང་སྒྱུ་རྩལ་འཛམ་གླིང་དུ་ཕྱོགས་པ་དང་དེའི་མཚན་སྙན་མཐོར་འདེགས། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ། ཁྲོམ་ར་ཅན་བཅས་ཀྱི་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ཆེད། ད་ལོའི་ཟླ11པར། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀོང་ཀྲིག་གྲོང་ཁྱེར་དང་ཐེམ་ཅིན་གྲོང་ཁྱེར་དུ་རེབ་གོང་སྒྱུ་རྩལ་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་རེད།
རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་གི་འགོ་གཙས་མཚམས་སྦྱོར་གནང་བ་ལྟར་ན། རེབ་གོང་སྒྱུ་རྩལ་ནི་རེབ་གོང་རིག་གནས་ཉིང་བཅུད་དང་། མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་ཚབ་བྱེད་མིང་ཐོའི་གྲས་ཤིག་ཡིན་ལ། རྒྱལ་ཁབ་རིམ་གསུམ་དངོས་མང་བཤམས་སྟོན་ཁང་གི་མཚན་ཐོབ་པའི་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་ལྷ་རིས་ཞིབ་འཇུག་ལས་ཁུངས་དང་རེབ་གོང་སྒྱུ་རྩལ་གྱི་གལ་ཆེ་བའི་དྲིལ་སྒྲོག་ལས་ཁུངས་ཤིག་ཡིན་པའི་ཆ་ནས། ཉར་ཚགས་བྱས་པའི་ཁྱད་ནོར་བརྩམས་ཆོས་སོགས་ཀྱིས་དངོས་མང་བཤམས་སྟོན་ཁང་གི་རྩེར་སོན་ཡོད།

འབྲེལ་ཡོད་འོས་སྦྱོར།