བོད་ལྗོངས་ལྷ་སྐུའི་མཛེས་རིས་འགྲེམ་སྟོན་སྤེལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-08
ཀློག་གྲངས།:

བོད་ལྗོངས་ལྷ་སྐུའི་མཛེས་རིས་འགྲེམ་སྟོན་སྤེལ་བ།
བོད་ལྗོངས་ལྷ་སྐུའི་མཛེས་རིས་འགྲེམ་སྟོན་སྤེལ་བ།
ཟླ10པའི་ཚེས1ཉིན། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་མཛེས་རྩལ་མཐུན་ཚོགས་སོགས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་ལྗོངས་ལྷ་སྐུའི་མཛེས་རྩལ་འགྲེམ་སྟོན་ལྷ་ས་རུ་བསྡུས་ཤིང་། ཐེངས་འདིའི་འགྲེམ་སྟོན་གྱིས་ཐེངས་དང་པོར་བོད་ལྗོངས་ཀྱི་ཉེ་རབས་མཛེས་རྩལ་བྱུང་འཕེལ་ཁྲོད་ཀྱི་ལྷ་སྐུའི་མཛེས་རྩལ་གྱི་འགྱུར་ལྡོག་ལ་ལེགས་སྒྲིག་བྱས་ལ། བོད་ཁམས་ཀྱི་ལྷ་རིས་པ་གྲགས་ཅན་ཨ་མདོའི་བྱམས་པ་དང་། བསྟན་པ་རབ་རྒྱས། ཀརྨ་བདེ་ལེགས་སོགས་ཀྱི་བརྩམས་ཆོས་བཀྲམ་པ་དང་། དེའི་ཁྲོད་བརྩམས་ཆོས10ལྷག་ནི་ཐེངས་དང་པོར་བཀྲམ་པ་རེད།
འབྲེལ་ཡོད་འོས་སྦྱོར།
