གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་རྟེན་གཞི་མུར་ཆེ་རུ་འགྲོ་བཞིན་ཡོད།
ལོ་ངོ་དུ་མའི་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། གཞི་ནས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བཟོ་སྐྲུན་སྐབས་དང་པོའི་ཞིང་ལས་ཁོངས་གཏོགས་ཀྱི་བཟོ་སྐྲུན་ལས་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། སྔོ་ལྗང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་བསྐྱར་གསོན་བྱུང་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། མིག་སྔའི་བར་དུ། གཙང་གསུམ་འབྱུང་ཡུལ་རྩྭ་ཐང་གི་སྔོ་རྩྭའི་ཁེབས་ཚད་སྔོན་མ་ལས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དྲུག་གིས་ཇེ་མཐོར་སོང་ཡོད་པ་དང། ཆུའི་ཐོན་ཁུངས་གསོ་སྐྱོང་བྱས་ཚད་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར་ཉེར་བརྒྱད་ལྷག་ལ་བསླེབས།
གླེང་རིན་ཡོད་པ་ཞིག་ནི། ས་ནག་གི་ས་རྒྱུ་ལེགས་བཅོས་བྱས་ནས་སྔོ་རྩྭའི་ཁེབས་ཚད་དེ་ལོ་སྔོན་མ་དག་གི་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་འཕར། དེ་དང་མཉམ་དུ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆུའི་ཐོན་ཁུངས་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར་གྱ་བཞི་ཡིས་ཇེ་མང་དུ་སོང་ཡོད་ཅིང་། བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་བཞི་ཡིས་ཇེ་མང་དུ་སོང་ཡོད། དེ་མིན་ད་དུང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གིས་ཆུའི་ཐོན་ཁུངས་གསོ་སྐྱོང་བྱས་ཚད་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར་ཉེར་བརྒྱད་ལྷག་ལ་འཕར་སྣོན་བྱུང་ཡོད། རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་གྲངས་འབོར་སྔར་ལས་ཇེ་མང་དུ་ཕྱིན་ནས། གཙོད་དང་རྒོ་དམར། རྐྱང་། འབྲོང་སོགས་རི་སྐྱེས་སྲོག་ཆགས་མངོན་གསལ་ཇེ་མང་དུ་སོང་བར་མ་ཟད། དེ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་ཀྱི་རྟེན་གཞིའི་ཁྱབ་ཁོངས་ཀྱང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།