logo

《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ལོ་འཁོར30ལོན་པའི་རྗེས་དྲན་བཞུགས་མོལ་གྲོས་ཚོགས་བསྡུས།

རྩོམ་པ་པོ།:ཡང་གསང་། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2014-09-26 ཀློག་གྲངས།:


ཚོགས་ཞུགས་མི་སྣས་རང་རང་གི་ལྟ་ཚུལ་བརྗོད་པ།

     ཟླ9བའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པ་དང་མཚོ་བྱང་ཁུལ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་བྱས་ནས་ལོ་འཁོར30ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་མཚོ་བྱང་ཁུལ་རིག་གནས་ཕོ་བྲང་དུ་གཟབ་རྒྱས་ངང་བསྡུས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་དང་མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་སོགས་ཚོགས་འདུར་ཞུགས་ཏེ་གཏམ་བཤད།
     ཚོགས་ཐོག་ཏུ་མཚོ་བྱང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་གཙོ་བྱས་པའི་འཐུས་མི་ཚོས་མཚོ་བྱང་ཁུལ་དུ་མི་རིགས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། འདས་པའི་ལོ་སུམ་ཅུ་ལྷག་གི་རིང་ལ། མཚོ་བྱང་ཁུལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་འོག་མི་རིགས་ས་ཁོངས་ཀྱི་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་འདྲ་མཉམ་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་། མང་ཚོགས་ཀྱི་ཁྲིམས་སྲུང་འདུ་ཤེས་སྔར་ལས་ཇེ་བཟང་དུ་སོང་ཡོད་པའི་སྐོར་གྱི་སྙན་ཞུ། སྟག་འབུམ་ཐར་གྱིས་འབྲེལ་ཡོད་སྙན་ཞུར་གདེང་འཇོག་དང་ཁས་ལེན་བྱས་པ་མ་ཟད་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རང་རྒྱལ་གྱི་མི་རིགས་སྲིད་ཇུས་ལག་བསྟར་བྱས་པའི་ཁྲིམས་ལུགས་ཐད་ཀྱི་འགན་སྲུང་ཡིན་ལ། ལྷག་པར་དུ་ཏང་ཀྲུང་དབྱང་གི་གྲངས་ཉུང་མི་རིགས་ལ་བཅངས་པའི་བརྩེ་བ་མཚོན་པས་མི་རིགས་རང་སྐྱོང་གཏན་སྲུང་དང་འཐུས་ཚང་དུ་གཏོང་བར་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་ཟེར།

གྲོས་ཚོགས་ཀྱི་ཡུལ་དངོས།
གྲོས་ཚོགས་ཀྱི་ཡུལ་དངོས།

     གཞན་ཡང་ཚོགས་ཞུགས་མི་སྣས་ལོ་ངོ30ལྷག་གི་རིང་ལ། བཅའ་ཁྲིམས་ལག་བསྟར་བྱས་པའི་གོ་རིམ་དང་། བརྒྱུད་སྒྲོག་བྱེད་པའི་སྐབས་ཀྱི་གནད་དོན་གྱི་ཕྱོགས་ནས་གཏམ་བཤད་ཅིང་། ལས་བྱེད་རྒན་པ་དང་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་དག་གིས་རང་རང་གི་ལྟ་ཚུལ་ལྷུག་པོར་བརྗོད།
     དེ་མིན་ཐེངས་འདིའི་ཚོགས་འདུའི་སྟེང་གི་གཏམ་བཤད་དག་བོད་རིག་ཞིབ་འཇུག་ཚོགས་པས་གཅིག་སྡུད་དང་དག་སྒྲིག་བྱས་ཏེ། ཚོགས་པ་འདིའི་དུས་དེབ་ཐོག་ཏུ་འགོད་རྒྱུ་ཡིན་པ་མ་ཟད། ད་དུང་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་དང་རང་ཞིང་གི་མི་རིགས་རང་སྐྱོང་ས་ཁུལ་སོ་སོའི་འབྲེལ་ཡོད་ལས་ཁུངས་དག་ལ་བསྒྲགས་ནས་མི་རིགས་བྱ་བ་ཐག་གཅོད་བྱ་བའི་གཞི་འཛིན་ས་བྱ་རྒྱུ་ཡིན་ཟེར།


འབྲེལ་ཡོད་འོས་སྦྱོར།