logo

མཚོ་ལྷོ་ཁུལ་སྐབས་དང་པོའི་གཟའ་མཇུག་གི་ཐང་ཆེན་ཕུལ་བྱུང་རིག་རྩལ་འཁྲབ་སྟོན།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-25 ཀློག་གྲངས།:

གླུ་ལེན་པ།  གྱོན་ཆས་འཁྲབ་སྟོན།
མཚོ་ལྷོ་ཁུལ་སྐབས་དང་པོའི་གཟའ་མཇུག་གི་ཐང་ཆེན་ཕུལ་བྱུང་རིག་རྩལ་འཁྲབ་སྟོན།

     ཟླ9བའི་ཚེས18ཉིན། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་རིག་གནས་ལུས་རྩལ་ཅུའུ། བྲག་དཀར་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་བྲག་དཀར་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་གནང་བའི་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་གཟའ་མཇུག་གི་ཐང་ཆེན་ཕུལ་བྱུང་རིག་རྩལ་འཁྲབ་སྟོན་དེ་བྲག་དཀར་རྫོང་རིག་གནས་ཐང་ཆེན་དུ་སྤེལ་ཞིང་། མང་ཚོགས་ཀྱི་རིག་གནས་རྣམ་པ་ངོམ་ཏེ་འཆམ་མཐུན་གྱི་ཁྱིམ་གཞིས་ལེགས་པོ་འཛུགས་སྐྲུན་ཞེས་པ་བརྗོད་དོན་དུ་བཟུང་ནས་རྒྱ་ཆེ་བའི་མཁར་གྲོང་སྡོད་དམངས་ལ་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་གནང་བ་རེད།


གླུ་ལེན་པ།


གྱོན་ཆས་འཁྲབ་སྟོན།

     ཁུལ་ཡོངས་ཀྱི་རུ་ཁག5ཡི་འཁྲབ་སྟོན་པ100ལྷག་གིས་བརྗོད་དོན་མངོན་གསལ་དོད་ཅིང་རྣམ་པ་ཕུན་སུམ་ཚོགས་པའི་ཕུལ་བྱུང་རིག་རྩལ16འཁྲབ་སྟོན་གནང་བ་དང་། ཉིན་དེར་གཟིགས་མོ་བ་ཁྲི1ལྷག་ལ་བུད་ཅིང་ཚོགས་ར་ཡོངས་སུ་མིས་ཁེངས་ལ། སྔ་དྲོའི་ཆུ་ཚོད12སྟེང་བྱ་འགུལ་མཇུག་སྒྲིལ་ཏེ། བྲག་དཀར་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འདེམ་སྐྱེལ་བྱས་པའི་བྲོ་གར《རྩྭ་ཐང་གི་བརྩེ་བ》ཞེས་པར་བྱ་དགའ་ཨང་དང་པོ་དང་། གསེར་ཆེན་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འདེམ་སྐྱེལ་བྱས་པའི《མཉམ་དུ་འཆམ་མཐུན་འཁྲབ་པ》ཞེས་པར་བྱ་དགའ་ཨང་གཉིས་པ། མང་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འདེམ་སྐྱེལ་བྱས་པའི་གྱོན་ཆས་འཁྲབ་སྟོན《གླུ་གར་གྱི་ཕ་ས་དང་། བོད་ཀྱི་གཙགས་དྲུབ་ལ་ལས་འབྲེལ》ཞེས་པར་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་རེད།


དཔྱད་འདེམ་པའི་སྡེ།


མཚོ་ལྷོ་ཁུལ་སྐབས་དང་པོའི་གཟའ་མཇུག་གི་ཐང་ཆེན་ཕུལ་བྱུང་རིག་རྩལ་འཁྲབ་སྟོན་མཇུག་སྒྲིལ་བ།

 


འབྲེལ་ཡོད་འོས་སྦྱོར།