logo

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཤིང་མོ་ལུག་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2014-09-24 ཀློག་གྲངས།:


སྤྲོ་ཚོགས་སྔོན་གྱི་སྤྱི་བསང་།

     ཟླ9བའི་ཚེས23ཉིན་གྱི་སྔ་དྲོར། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དང་གཅན་ཚ་རྫོང་ཏང་ཨུ། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་བོད་ཤིང་མོ་ལུག་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་ཆེན་མོ་གསེར་ལྗོངས་སྣང་རའི་སྤྲོ་འཛོམས་ཞེས་པ་དེ་གཅན་ཚ་རྫོང་སྣང་རའི་སྟོང་དཔོན་གྱི་གཞིས་ཀ་ནས་གཟབ་རྒྱས་ངང་འཚོགས་པ་དང་། ཐེངས་འདིའི་སྤྲོ་ཚོགས་སྟེང་དུ། རྨ་ལྷོ་ཁུལ་གྱི་ཁུལ་དཔོན་ལིས་ཀྲུང་དང་། ཁུལ་དཔོན་གཞོན་པ་ཀླུ་རྒྱལ། གཅན་ཚ་རྫོང་གི་རྫོང་དཔོན་ཀླུ་རྒྱལ།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་རྣ་བྷ་སོགས་འབྲེལ་ཡོད་འགོ་ཁྲིད་དང་། ས་གནས་མང་ཚོགས་བཞི་བརྒྱ་ལྷག་ལྷན་གཅིག་ཏུ་འཛོམས་ཏེ་ལོ་སར་གྱི་དགའ་སྟོན་ལ་རོལ།


སྤྲོ་ཚོགས་ཀྱི་མདོ་འཛིན་པ་ཚེ་སྒྲོན་དང་ཆོས་གྲགས་རྒྱ་མཚོ། རིག་མཆོག་སྐྱིད། སྒྲོལ་མ་སྐྱབས།


ཚོགས་ར།

     ཐེངས་འདིའི་ལོ་སར་སྤྲོ་ཚོགས་ལ་ནང་དོན་དང་རྣམ་པ་གང་གི་ཆ་ནས་ཀྱང་ལོ་སྔོན་མ་དག་གི་སྤྲོ་ཚོགས་དང་མི་འདྲ་བའི་ཁྱད་ཆོས་མང་དུ་ཡོད། ནང་དོན་ལ་བོད་སྲོལ་རྒྱུན་གྱི་རྣམ་ཐར་དང་། རྩེད་རིག  འཆམ། རྡུང་ལེན། བཤད་པ། དམངས་གླུ  དེང་གཞས། གླུ་ཤགས་སོགས་བོད་ཐུན་མིན་གྱི་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་བཀོད་སྒྲིག་བྱས་ཡོད་པས་སྣ་འཛོམས་རང་བཞིན་གྱི་དགོང་ཚོགས་ཤིག་ཡིན་པ་དང་། སྒོས་སུ། ཐེངས་འདིའི་ལོ་སར་སྤྲོ་ཚོགས་ཀྱི་ཕབ་སྐྲུན་ཚན་ཆུང་གིས་བྱ་བ་སོ་སོར་ཞིབ་ཚགས་ཀྱི་བཀོད་སྒྲིག་དང་། འཁྲབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། ཐེངས་འདིའི་ལོ་སར་དགོང་ཚོགས་བདེ་བླག་ངང་འཚོག་པར་རྨང་གཞི་ལེགས་པོ་ཞིག་བཏིང་བ་རེད།


སྤྲོ་ཚོགས་མགོ་རྩོམ་པའི་ཚན་པ་སྟེ་ལཱ་མོ་བདེ་ཆེན་ཆོས་གླིང་གི་འཆམ།

སྤྲོ་ཚོགས་ཀྱི་མདོ་འཛིན་པ་ཚེ་སྒྲོན་དང་ཆོས་གྲགས་རྒྱ་མཚོ། རིག་མཆོག་སྐྱིད། སྒྲོལ་མ་སྐྱབས།  ཚོགས་ར།
གཅན་ཚའི་མར་ཁུ་ཐང་གྲོང་རྡལ་གྱི་རྩེད་རིག

     རེབ་འདིའི་ལོ་སར་སྤྲོ་ཚོགས་ཀྱི་སྟེང་དུ་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་འཁྲབ་སྟོན་པ་གདན་འདྲེན་བྱས་ཡོད་པ་མ་ཟད། ས་གནས་འཁྲབ་སྟོན་པའི་ཁྲོད་ལོ་ན་ཆེས་ཆེ་བ་ལོ་དོན་བརྒྱད་དང་། ཆེས་ཆུང་བ་ལོ་ལྔ་ཅན་བཅས་ཞུགས་ཡོད། ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་རྒྱ་ཆེ་བའི་སྤྲོ་ཚོགས་འདིའི་རྒྱ་ཆེའི་ལྟ་མཁན་རྣམས་ཀྱི་གཟིགས་རྟེན་དུ་སྤྲོ་དགའི་དཔལ་གྱིས་ཕྱུག་པའི་རིག་རྩལ་གྱ་ནོམ་པ་ཞིག་བཀྲམ་པ་རེད།


དཔའ་རིས་གླུ་བ་གདུགས་དཀར་ཚེ་རིང་།


གར་ཆུང་འཁྲབ་མཁན་གནམ་ལྷ་འབུམ་དང་སྙིང་རྩེ་རྒྱལ། ཆོས་དབྱངས་སྒྲོལ་མ།

     གསེར་ལྗོངས་སྣང་རའི་སྤྲོ་འཛོམས་ཞེས་པའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་ཆེན་མོ་འདི2015ལོའི་ལོ་སར་གྱི་སྐབས་སུ་མཚོ་སྔོན་བོད་སྐད་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ནས་དུས་མཉམ་དུ་གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།