དོན་གྲུབ་ཚེ་རིང་ལ་ཀྲུང་གོ་འཛུགས་སྐྲུན་དང་དྲང་ནུས་བརྒྱུད་སྒྲོག་ཕུལ་བྱུང་མི་སྣའི་གཟེངས་རྟགས་ཐོབ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-09-22
ཀློག་གྲངས།:
ཉེ་ལམ། ཀྲུང་ཧྭ་རིག་གནས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་། མི་དམངས་སྲིད་གྲོས་ཚགས་པར་ཁང་། ཀྲུང་ཧྭའི་བུ་དང་བུ་མོའི་ཚགས་པར་དུས་དེབ་ཁང་། 《ཞིན་ཐེམ་ཏེ》དུས་དེབ་ཁང་སོགས་མཉམ་འབྲེལ་སྒོས་སྒྲུབ་པའི་སྐབས་བཅུ་གཉིས་པའི་དུས་རབས་གསར་བའི་རླབས་སྒྲ། མཛེས་སྡུག་ཀྲུང་གོ་ཞེས་པའི་ལེགས་འདེམ་བྱ་འགུལ་དང་། ཀྲུང་གོའི་འདུན་མ་མངོན་འགྱུར་གྱི་སྙན་ཞུ་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས་ཤིང་། ཚོགས་འདུ་རུ་གསར་འགྱུར་དང་། རྩོམ་རིག སྒྱུ་རྩལ་སོགས་བརྗོད་དོན་བརྩམས་ཆོས་བྱ་དགའ་བཅུ་ལྷག་བདམས་ཐོན་བྱུང་ཞིང་། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དོན་གྲུབ་ཚེ་རིང་ནི་བྱ་དགའ་འདིའི་གྲས་སུ་ཚུད་པའི་རྒྱལ་ཡོངས་མི་སྣ་ཁྲི2ལྷག་ལས་རྩེར་སོན་ཏེ། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་དང་དྲང་ནུས་བརྒྱུད་སྒྲོག་ཐད་ཤུགས་རྐྱེན་ཟབ་པའི་ཕུལ་བྱུང་མི་སྣའི་གཟེངས་རྟགས་ཐོབ་པ་རེད།
འབྲེལ་ཡོད་འོས་སྦྱོར།