རྐང་ཚ་རུ་མཚོ་སྔོན་པོའི་མཛའ་གཞས་དུས་སྟོན་དང་ལ་གཞས་འགྲན་བསྡུར་མཚོ་བྱང་འགན་ཁུལ་བསྡུས།
རྐང་ཚ་རུ་མཚོ་སྔོན་པོའི་མཛའ་གཞས་དུས་སྟོན་དང་ལ་གཞས་འགྲན་བསྡུར་མཚོ་བྱང་འགན་ཁུལ་བསྡུས།
ལ་གཞས་ལེན་པ།
བོད་ཀྱི་ལ་གཞས་རིག་གནས་རྒྱུན་དང་དར་སྤེལ་གཏོང་བར། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས2014ལོའི་དབྱར་དུས་སུ་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་སྒྱུར་སྒྲིག་ལྟེ་གནས་དང་མཉམ་འབྲེལ་སྒོས་ཁྲི་ཀ་རྫོང་དུ་སྐབས་བཞི་བའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་བསྡུར་སྤེལ་འཆར་ཡོད་ཅིང་། ཐེངས་འདིའི་འགྲན་བསྡུར་ལ་ཐོག་མའི་འགྲན་བསྡུར་དང་། རིམ་འཕར་འགྲན་བསྡུར། བསྐྱར་འགྲན། རྟིང་རྩོད་འགྲན་བསྡུར་བཅས་ཡོད་ཅིང་། ཐོག་མའི་འགྲན་བསྡུར་གྱི་འགྲན་ཁུལ་སོ་སོར་སྐྱེས་པ་སྐྱེས་མ12བདམས་ཏེ་རིམ་འཕར་འགྲན་བསྡུར་དུ་ཞུགས་པ་ཡིན། ཉེ་ལམ། མཚོ་བྱང་འགྲན་ཁུལ་གྱི་ལེགས་འདེམ་འགྲན་བསྡུར་ནི2014ལོའི་ཟླ9བའི་ཚེས13ནས་ཚེས15བར་རྐང་ཚ་རྫོང་བོད་མཁར་རིག་རྩལ་འཁྲབ་སྟོན་ཁང་དུ་བསྡུས་པ་རེད།
དཔྱད་འདེམ་པའི་སྡེ།
དེ་ཡང་རྐང་ཚ་རྫོང་དང་། ཆུ་ལེན་རྫོང་། ཧེ་ཨན་རྫོང་བཅས་ཀྱི་འགྲན་ཞུགས་པ36གིས་དུས་ཡུན་ཉིན་གསུམ་གྱི་དྲང་བདེན་དང་འདྲ་མཉམ་གྱི་ཛ་དྲག་འགྲན་བསྡུར་བརྒྱུད་མཐར། རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དཀོན་ལོ་ཚང་ཞོལ་མ་སྡེ་བའི་རྣམ་རྒྱལ་མགོན་པོས་བྱ་དགའ་ཨང་དང་པོ་བླངས་པ་དང་། འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་སྡེ་བའི་གཡང་འབུམ་བཀྲ་ཤིས་དང་དཔལ་དགེ་གྲོང་རྡལ་དཔོན་ཚང་ཞོལ་མ་སྡེ་བའི་སྒྲོལ་སྐྱབས་ཚེ་རིང་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། དེ་མིན་དཔལ་དགེ་གྲོང་རྡལ་དཀོན་ལོ་ཚང་ཞོལ་མ་སྡེ་བའི་ཧྲི་མཚོ་དང་། ཁྱོན་རྒྱས་ཡུལ་ཚོའི་མདའ་བཞི་སྡེ་བའི་ཚེ་བྷོ། ཁྱོན་རྒྱས་ཡུལ་ཚོའི་ཉྭ་ནག་སོ་མ་སྡེ་བའི་ཚེ་བརྟན་རྒྱལ་བཅས་ལ་བྱ་དགའ་ཨང་གསུམ་པ་དང་། གླུ་བ6ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
བྱ་དགའ་ཐོབ་པའི་གླུ་བ་གླུ་མ་རྣམས།