སེམས་ཀྱི་ཉི་ཟླའི་འབའ་ལྷག་དཀར་རྫོང་མཛེས་ལྗོངས་དེ་ས་འགུལ་རྗེས་སུ་ཡང་བསྐྱར་སྒོ་ཕྱེས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-09-17
ཀློག་གྲངས།:

སེམས་ཀྱི་ཉི་ཟླའི་འབའ་ལྷག་དཀར་རྫོང་མཛེས་ལྗོངས།
སེམས་ཀྱི་ཉི་ཟླའི་འབའ་ལྷག་དཀར་རྫོང་མཛེས་ལྗོངས།
རྒྱུས་ལོན་བྱུང་བ་ལྟར་ན་ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་རྫོང་ཁོངས་ཀྱི་འབའ་ལྷག་དཀར་རྫོང་གནས་སྐོར་མཛེས་ལྗོངས་དེ་ལོ་གཅིག་རིང་ལ་ཞིག་གསོ་བྱས་ནས་ཡང་བསྐྱར་ཕྱི་ཕྱོགས་སུ་སྒོ་ཕྱེས་ཤིང་། མིག་སྔར་ཉིན་རེའི་གནས་སྐོར་བ་མི་ཐེངས་སྟོང་ལྷག་བརྒལ་པ་རེད། 2013ལོའི་ཟླ8པར་སེམས་ཀྱི་ཉི་ཟླ་རུ་ཚད་རིམ5.1ཡིན་པའི་ས་འགུལ་བྱུང་ནས་འབའ་ལྷག་དཀར་རྫོང་གི་འགྲིམ་འགྲུལ་དང་གནས་སྐོར་སྒྲིག་བཀོད་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ལ། ས་གནས་དེ་གའི་གནས་སྐོར་སྡེ་ཁག་གིས་སྒོར་དུང་ཕྱུར3ལྷག་བཏང་ནས་བསྐྱར་བསྐྲུན་གནང་།
འབྲེལ་ཡོད་འོས་སྦྱོར།
