logo

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་བོད་སྐད་ཨུ་གཞུང་སྒྲུབ་ཁང་གིས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-16 ཀློག་གྲངས།:

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་བོད་སྐད་ཨུ་གཞུང་སྒྲུབ་ཁང་གིས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་བྱས།

     ཉེ་ལམ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང་སྦྱར་ཏེ། མང་ཚོགས་ཀྱིས་མཐོང་བའི་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ཐད་ཀྱི་ཡིག་ནོར་དང་། ཡིག་ཆད། ཡིག་བཀོལ་ཚུལ་མཐུན་མིན་པའི་གནད་དོན་ཐག་གཅོད་བྱས་ལ། རྫོང་མཁར་གྲོང་དོ་དམ་ཅུའུ་དང་བཟོ་ཚོང་དོ་དམ་ཅུའུ། སྤྱི་བདེ་ཅུའུ་བཅས་ལས་ཁུངས་ཀྱི་མཉམ་འབྲེལ་འོག ཆབ་ཆ་གྲོང་རྡལ་གྱི་ཁེ་ལས་ལས་རིགས་སྡེ་ཁག་དང་སྒེར་གཉེར་ཁང་གི་སྒོ་བྱང་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དག་སེལ་བཅོས་སྐྱོང་བྱས་ཏེ་ཕན་འབྲས་ངེས་ཅན་བླངས།
     གསེར་ཆེན་རྫོང་བརྙན་འཕྲིན་ཁང་གིས་དུས་ཡུན་ཉིན་གསུམ་གྱི་དགོང་མོའི་དུས་ཚོད་བེད་སྤྱད་དེ《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》དྲིལ་སྒྲོག་བྱས་ཤིང་། ཚད་ལྡན་མིན་པའི་སྒོ་བྱང་སོགས་ཕྱི་རུ་བསྒྲགས་པ་དང་མཚུངས་སུ། ཆབ་ཆ་གྲོང་རྡལ་གྱི་ལས་ཁུངས་དང་། ཁེ་ལས། སྒེར་གཉེར་བཟོ་ཚོང་རྣམས་ལ་དྲིལ་སྒྲོག་ཡིག་ཆ400ལྷག་བཀྲམ། བྱ་ཐབས་སྣ་ཚོགས་བརྒྱུད་དེ་ནུས་ཤུགས་ཡོད་རྒུས་དྲིལ་སྒྲོག་དང་། རིགས་སོ་སོའི་ལས་སྒྲུབ་མི་སྣ་དང་མང་ཚོགས་ལ་ཚད་མཐུན་སྒོས་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱེད་པའི་གལ་ཆེན་རང་བཞིན་རྟོགས་པར་བྱས།


འབྲེལ་ཡོད་འོས་སྦྱོར།