ཨ་མདོ་བྱམས་པ་འཁྲུངས་ནས་ལོ་འཁོར100ལོན་པའི་རྗེས་དྲན་གྱི་རི་མོ་འགྲེམ་སྟོན།

སྒྲོལ་མ་དཀར་མོ།
ཟླ9བའི་ཚེས10ནས་ཚེས15བར། བོད་ཀྱི་མིང་དུ་གྲགས་པའི་རི་མོའི་མཁས་དབང་ཨ་མདོ་བྱམས་པ་འཁྲུངས་ནས་ལོ་འཁོར100ལོན་པའི་རྗེས་དྲན་རི་མོའི་བརྩམས་ཆོས་འགྲེམ་སྟོན་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་ཞིང་། ཐེངས་འདིའི་འགྲེམ་སྟོན་དུ་བསྡོམས་པས་རི་མོའི་བརྩམས་ཆོས་དང་རི་མོའི་པར་རིས70ལྷག་བཀྲམ་པ་དང་། དེ་ལས་ཨ་མདོ་བྱམས་པ་ལགས་ཀྱི་དངོས་བྲིས་ཐང་གའི་བརྩམས་ཆོས20དང་མཚོན་བྱེད་བརྩམས་ཆོས28། མ་ཟད་ཨ་མདོ་བྱམས་པ་མཛེས་རྩལ་སློབ་གྲྭའི་དགེ་སློབ་ཀྱི་མཚོན་བྱེད་བརྩམས་ཆོས25བཅས་འདུས།

པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག
ད་ལོ་ཨ་མདོ་བྱམས་པ་འཁྲུངས་ནས་ལོ་འཁོར100ལོན་པ་ཡིན་ལ། 1914ལོར་ཨ་མདོ་བྱམས་པ་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དུ་སྐྱེས་ཤིང་། ལོ7གྱི་སྐབས་སུ་ཕ་ཡུལ་གྱི་དགོན་པ་རུ་སྐྱེལ་བ་དང་། དེ་རྗེས་བླ་བྲང་དགོན་དང་། འབྲས་སྤུངས་དགོན་སོགས་སུ་ནང་ཆོས་སྦྱོང་ཞོར་དུ་རི་མོ་འབྲི་བཞེངས་གནང་ལ། དགོང་ལོ41སྟེང་ཕོ་བྲང་པོ་ཏ་ལའི་རི་མོའི་དགེ་རྒན་ཆེན་མོའི་འགན་བཞེས་པ་དང་། 1979ལོའི་ཟླ10བར་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་དུ་བསྐོས་ཤིང་། 1981ལོར་ཨ་མདོ་བྱམས་པ་ནི་སྐབས་དང་པོའི་བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་རུ་བསྐོས་ལ། བོད་ཀྱི་སྲོལ་རྒྱུན་རི་མོའི་དངོས་བྲིས་ལུགས་ཀྱི་སྲོལ་གཏོད་མཁན་གཙོ་གྲས་སུ་གྱུར།
