logo

གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་མདའ་རྩལ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-11 ཀློག་གྲངས།:


2014ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་
མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་བསྡུས།

     ཟླ9བའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ལུས་རྩལ་ཅུས་ཆོག་མཆན་གནང་ཞིང་། ཀྲུང་གོའི་མདའ་རྩེད་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གུང་གཅན་ཚའི་རྫོང་ཨུ། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་བའི2014ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་མདའ་རྩེད་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས།

2014ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་བསྡུས།
2014ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་
མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་བསྡུས།

     སྐབས་འདིའི་གདན་ཞུ་འགྲན་བསྡུར་ནི་མདའ་རྩེད་རིག་གནས་དར་ཁྱབ་དང་། སྐྱེ་ཁམས་ཁོར་སྲུང་སྐུལ་སྤེལ། མཛེས་སྡུག་མཚོ་སྔོན་དུ་བསྐྱོད་པ། གཅན་ཚའི་མཛེས་ཉམས་མངོན་པ་བཅས་དམིགས་སུ་བཟུང་སྟེ། རྒྱལ་ཁབ་ཕྱི་ནང་གི་མདའ་རྩེད་དགའ་མོས་པ་རྣམས་ལ་ཕན་ཚུན་འབྲེལ་འདྲིས་དང་མདའ་རྩལ་བགྲོ་གླེང་གི་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་ཡིན་པ་མ་ཟད། མི་རྣམས་ཀྱིས་མདའ་རྩེད་བྱ་འགུལ་རོལ་མྱོང་བྱེད་པའི་དུས་མཚུངས་སུ། མི་རིགས་མདའ་རྩེད་བྱ་འགུལ་གྱི་གཞི་རྩའི་མཛེས་ཉམས་ཡོངས་སུ་ངོམ་རྒྱུ་དེ་ཡིན། ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁབ་ཕྱི་ནང་དང་། ཞིང་ཆེན་ཕྱི་ནང་གི་འགྲན་ཞུགས་རུ་ཁག121གི་ལུས་རྩལ་པ1561ཞུགས་ཡོད་ཅིང་། དེ་ལས་ཕྱི་རྒྱལ་གྱི་འགྲན་ཞུགས་རུ་ཁག9ཡི་རུ་མི49དང་། ཞིང་ཆེན་ཕྱིའི་འགྲན་ཞུགས་རུ་ཁག21གི་རུ་མི105། ཞིང་ཆེན་ནང་ཁུལ་གྱི་འགྲན་ཞུགས་རུ་ཁག91། བསྡོམས་པས་ལུས་རྩལ་པ1407ཡོད།


2014ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་
མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་བསྡུས།

     ཐེངས་འདིའི་འགྲན་ཚོགས་ལ་མདའ་བ20ལས་གྲུབ་པའི་རྭ་གཞུ་རུ་ཁག་དང་སྨྱུག་གཞུ་རུ་ཁག ལྕགས་གཞུ་རུ་ཁག དེ་མིན་མདའ་བ5ལས་གྲུབ་པའི་རྭ་གཞུ་རུ་ཁག་དང་སྨྱུག་གཞུ་རུ་ཁག་བཅས་ཚན་ཁག་ལྔར་བགར་ནས་འགྲན་སྡུར་བྱ་རྒྱུ་ཡིན་ལ། ཚེས13ཉིན་འགྲན་སྡུར་མཇུག་སྒྲིལ་རྒྱུ་རེད།


2014ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་
མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་བསྡུས།


འབྲེལ་ཡོད་འོས་སྦྱོར།