logo

དིང་རི་རྫོང་གི་ཇོ་མོ་གླང་མའི་ལྷོ་གཞས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་མགོ་བརྩམས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-11 ཀློག་གྲངས།:

དིང་རི་རྫོང་གི་ཇོ་མོ་གླང་མའི་ལྷོ་གཞས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་མགོ་བརྩམས།
དིང་རི་རྫོང་གི་ཇོ་མོ་གླང་མའི་ལྷོ་གཞས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་མགོ་བརྩམས།

     སྤྱི་ཟླ9པའི་ཚེས2ཉིན་གྱི་སྔ་དྲོ། དུས་ཡུན་ཉིན་གསུམ་གྱི་བོད་ལྗོངས་གཞིས་རྩེ་ས་ཁུལ་དིང་རི་རྫོང་གི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་དེ་མི་སྟོང་གི་ལྷོ་གཞས་འཁྲབ་སྟོན་ཁྲོད་དངོས་སུ་མགོ་བརྩམས།


དིང་རི་རྫོང་གི་ཇོ་མོ་གླང་མའི་ལྷོ་གཞས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་མགོ་བརྩམས།

     རྒྱུས་ལོན་པ་ལྟར་ན། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི་ཀྲུང་གོའི་འདུན་མ། ཇོ་རིའི་བརྩེ་སེམས། དིང་རིའི་ལས་འབྲེལ་ཞེས་པ་དེ་ཡིན་ཞིང་། མི་རིགས་ཀྱི་ཞབས་བྲོ་དང་ཟློས་གར་འཁྲབ་སྟོན། སྐོར་བྲོའི་དགོང་ཚོགས། དམངས་ཁྲོད་ལུས་རྩལ། ཚོང་འབྲེལ། ཡུལ་སྐོར་ཁྱབ་སྤེལ། གློག་བརྙན་ཆེད་སྟོན། བྱིས་པའི་རིག་རྩལ་འཁྲབ་སྟོན་སོགས་བྱ་འགུལ་སྣ་མང་ལས་དིང་རི་རྫོང་གི་ཁྱད་དུ་འཕགས་པའི་ས་ཁོངས་རིག་གནས་དང་། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་མི་ཆོས་མཛེས་ལྗོངས་སོགས་མངོན་པར་དོད་ཡོད།


འབྲེལ་ཡོད་འོས་སྦྱོར།