ལྷོ་སྣེ་ཚན་རིག་རྟོག་དཔྱོད་རུ་ཁག་གིས་བོད་ལྗོངས་སུ་མཐོ་སྒང་འཕྲོད་གཤིས་ཀྱི་སྦྱོང་བརྡར་སྤེལ་བ།

བོད་ལྗོངས་རི་འཛེག་རུ་ཁག་ཡངས་པ་ཅན་རི་མཐོའི་སྦྱོང་བརྡར་རྟེན་གཞི།
བོད་ལྗོངས་རི་འཛེག་རུ་ཁག་ཡངས་པ་ཅན་རི་མཐོའི་སྦྱོང་བརྡར་རྟེན་གཞི།
ཉེ་ཆར། རྒྱལ་ཁབ་མཚོ་དོན་ཅུའི་ལྷོ་སྣེ་ཚན་རིག་རྟོག་དཔྱོད་རུ་ཁག་གིས་བོད་ལྗོངས་ཡངས་པ་ཅན་རི་མཐོའི་སྦྱོང་བརྡར་རྟེན་གཞི་རུ་ཉིན10རིང་གི་མཐོ་སྒང་འཕྲོད་གཤིས་ཀྱི་སྦྱོང་བརྡར་སྤེལ་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་སྦྱོང་བརྡར་ཁྲོད་ཚན་རིག་རྟོག་དཔྱོད་པ་མི43གྱིས་ས་མཐོའི་འཕྲོད་གཤིས་སྦྱོང་བརྡར་དང་། འཁྱག་རོམ་དུ་རང་སྐྱོབ་བྱེད་པ། མཐོ་ཚད་སྨི4900ཚད་རིམ་དུ་རྐང་ཐང་ལ་བགྲོད་པ་སོགས་ཀྱི་སྦྱོང་བརྡར་སྣ་ཚོགས་སྤེལ། རྒྱལ་ཁབ་མཚོ་ལས་ཅུའི་གླིང་སྣེའི་ས་ཁུལ་རྟོག་དཔྱོད་གཞུང་ལས་ཁང་གིས2007ལོ་ནས་ད་ལྟའི་བར་ལྷོ་སྣེའི་ཚན་རིག་རྟོག་དཔྱོད་རུ་ཁག་སྐོར་ཐེངས་བདུན་རྩ་འཛུགས་བྱས་ནས་མཐོ་སྒང་འཕྲོད་གཤིས་ཀྱི་སྦྱོང་བརྡར་སྤེལ་ཞིང་། སྔ་གཞུག་ཏུ་མི་ཐེངས240ལྷག་སྦྱོང་བརྡར་ཁྲོད་ཞུགས་པ་རེད།
