བོད་ལྗོངས་ཀྱིས་ཐང་གའི་ལྷ་རིས་པ་ཆེན་མོ་གསུམ་ངོས་འཛིན་བྱས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-09-01
ཀློག་གྲངས།:
བོད་ལྗོངས་ཀྱིས་ཐང་གའི་ལྷ་རིས་པ་ཆེན་མོ་གསུམ་ངོས་འཛིན་བྱས་པ།
ཟླ8པའི་ཚེས28ཉིན། སྐབས་བཞི་བའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམ་ཚོགས་དང་བོད་ལྗོངས་ཀྱི་ཐང་གའི་ལྷ་རིས་པ་ཆེན་མོའི་འཛིན་ཡིག་གནང་བའི་མཛད་སྒོ་བསྡུས་ཤིང་། བསྟན་པ་རབ་བརྟན་དང་བཀའ་ཆེན་ཨ་དུང་། སྐར་མ་བདེ་ལེགས་བཅས་སྒྱུ་རྩལ་པ་གསུམ་ལ་བོད་ལྗོངས་ཀྱི་ཐང་གའི་ལྷ་རིས་པ་ཆེན་མོ་ཞེས་པའི་མཚན་སྙན་གསོལ་བ་རེད། ཐེངས་འདིར་ཐང་གའི་ལྷ་རིས་པ་ཆེན་མོའི་མཚན་སྙན་གནང་བའི་ཐང་གའི་ལྷ་རིས་པ་དེ་གསུམ་པོ་རེ་རེ་བཞིན་སྨན་ཐང་ལུགས་དང་། སྨན་གསར་ལུགས། ཀརྨ་སྒར་བྲིས་བཅས་ཐང་གའི་བྲིས་རྒྱུན་གསུམ་དུ་གཏོགས་པ་རེད།
འབྲེལ་ཡོད་འོས་སྦྱོར།