logo

མཚོ་ནུབ་ཁུལ་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་བདེ་ལེགས་ངང་མཇུག་བསྡུས།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-26 ཀློག་གྲངས།:

     མཚོ་ནུབ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་མཚོ་ནུབ་ཁུལ་གྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་གཏེར་ལེན་ཁ་ནས་གཟབ་རྒྱས་ངང་མཇུག་བསྡུས། མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཉིག་བཅོན་དང་། ཁུལ་ཨུའི་རྒྱུན་ཨུའམ། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བཱང་ལེན་ཧུའུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བསོད་ནམས་དོན་གྲུབ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཧུ་པཱ་ལཱ་བཅས་ཁུལ་དང་གྲོང་ཁྱེར་གྱི་འགོ་ཁྲིད་དག་མཛད་སྒོར་ཞུགས།
     མཇུག་སྒྲིལ་མཛད་སྒོའི་སྟེང་། ཚོགས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་ཀུན་སྤྱོད་ལེགས་པའི་ལུས་རྩལ་པ་དང་ཕུལ་བྱུང་ལུས་རྩལ་པ་བཅས་ཀྱི་མིང་དང་འཐུས་ཚབ་རུ་ཁག་སོ་སོའི་མཇུག་འབྲས་ཁྱབ་སྒྲོག་བྱས་ཤིང་། ཕུལ་བྱུང་ལུས་རྩལ་པ་པཱ་ཡས་འར་དང་། ཚེ་དཔུང་སོགས་ལ་མི་སྒེར་གྱི་བྱ་དགའ་དང་། ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་རུ་ཁག་དང་།  ལིན་ཧུའུ་སྲིད་འཛིན་ཨུ་ ཡོན་ལྷན་ཁང་གི་འཐུས་ཚབ་རུ་ཁག མང་ཨེ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་རུ་ཁག་བཅས་ལ་ཀུན་སྤྱོད་ལེགས་པའི་ལུས་རྩལ་རུ་ཁག་གི་བྱ་དགའ་ཐོབ། ཐེམ་ཆེན་རྫོང་འཐུས་ཚབ་རུ་ཁག དབུས་ལམ་རྫོང་འཐུས་ཚབ་རུ་ཁག་དང་ན་གོར་མོ་འཐུས་ཚབ་རུ་ཁག་བཅས་ལ་སྐར་གྲངས་ཀྱི་མཐོ་དམའི་གོ་རིམ་ལྟར་བྱ་དགའ་གནང་།

     འཁྲབ་སྟོན་དེ《མཚོ་ནུབ་ལ་བསྟོད་གླུ་འབུལ》ཞེས་པའི་ཞབས་བྲོའི་ཁྲོད་ནས་མགོ་བརྩམས་ཤིང་། དར་དཀར་གྱི་ཁ་བཏགས་དང་ཞབས་བྲོ་ཡི་སྟངས་སྟབས་ཁྲོད་ནས་ཚྭ་འདམ་མིའི་ལྷག་བསམ་དང་བརྩེ་བ་མཚོན་ཞིང་། རྐྱང་གཞས《མཛེས་སྡུག་གི་ཚྭ་འདམ་གཞོང》དང་། 《སྐུ་ཉིད་ཚྭ་འདམ་གཞོང་དུ་ཕེབས་ཤོག》 ཞབས་བྲོ《གངས་རིའི་བུ་མོ》སོགས་གླུ་གར་གྱིས་མཚོ་ནུབ་ཀྱི་མི་རིགས་མང་པོའི་འཆམ་མཐུན་གྱི་ཁྱིམ་གཞིས་མཚོན་ཞིང་། ཚྭ་འདམ་པ་ཡི་མདུན་བསྐྱོད་ཀྱི་གོམ་སྒྲ་མཐོང་ཐུབ། སྒྲ་སྙན་འབྲུག་མགོ་མ《ཅང་ཤེས་ཀྱི་བང་རྩལ》ཞེས་པའི་དབྱངས་རྟའི་ཁྲོད་ནས་མཐོ་སྒང་གི་མཛེས་སྡུག་དང་། རྩྭ་ཐང་གི་བུ་བུ་མོའི་བློ་སྤོབས་ཆེ་བ་མཐོང་བར་བྱེད།
     དགོང་ཚོགས་ལས་འཁྲབ་སྟོན་པ་རྣམས་ཀྱི་སྐད་ངག་གི་འགྱུར་ཁུགས་དང་ཞབས་བྲོ་ཡི་སྟངས་སྟབས་ཀྱིས་རང་ཁུལ་གྱི་སྲིད་བཙུགས་ནས་ལོ་འཁོར60ལོན་པའི་རིང་ལ་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཡང་དག་པའི་ཏང་གི་དབུ་ཁྲིད་འོག་འཆམ་མཐུན་གྱིས་མཚོ་ནུབ་འཛུགས་སྐྲུན་བྱས་པ་དང་ལོ་འཁོར60རིང་ལ་མཚོ་ནུབ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་ཞིང་། དངོས་པོའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་མཚོ་ནུབ་ཀྱི་ དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་སེམས་ཁམས་མཚོན་ཡོད། དགོང་ཚོགས་དེ《རིན་ཆེན་གཏེར་གྱི་ཕ་ས》ཞེས་པའི་ཞབས་བྲོའི་ཁྲོད་ནས་མཇུག་བསྡུ་བར་བྱས།


འབྲེལ་ཡོད་འོས་སྦྱོར།