logo

མཚོ་ལྷོ་གླུ་གར་ཚོགས་པས་མཚོ་ནུབ་ཁུལ་སྟོན་ལ་ཕུལ་བའི་བཀྲ་ཤིས་སྨོན་འདུན།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-25 ཀློག་གྲངས།:

     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ60ལོན་པར་རྟེན་འབྲེལ་ཞུ་བའི་བར་སྐབས་འདིར། མཚོ་ནུབ་ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གིས་སྨོན་འདུན་གྱི་ལེགས་སྐྱེས་བར་མེད་དུ་བསྣམས་ཡོང་བཞིན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་ཀྱང་མཚོ་ནུབ་ཁུལ་སྟོན་ལ་རྟེན་འབྲེལ་ལེགས་སྐྱེས་གྱ་ནོམ་པ་འཁྱེར་ཡོང་ནས། མཚོ་ནུབ་གྱི་རིགས་སོ་སོའི་མང་ཚོགས་ལ་མི་རིགས་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། འཁྲབ་སྟོན་གྱི་རྣམ་པ་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས།

     མཚོ་སྔོན་པོའི་བསྟོད་གླུ་ཁྲོད་ནས་འཁྲབ་སྟོན་འགོ་བརྩམས་ཤིང་།  གླུ་དབྱངས《ཨ་མའི་ལོ་ལོ》ཡིས་གངས་ལྗོངས་མཐོ་སྒང་ཨ་མའི་བྱམས་བརྩེ་ཡི་བྲོ་བ་བསྟན་པ་དང་། སྐྱེས་མའི་ཞབས་བྲོ《ཨ་མདོ་བུ་མོ》ཡིས་ཨ་མདོ་ས་ཁུལ་གྱི་བུ་མོའི་ཞི་འཇམ་གཞུང་དྲང་གི་གཤིས་ཀ་དང་ཕ་ཡུལ་ལ་བཅངས་པའི་བཀའ་དྲིན་མངོན་པར་བསྟན། ད་དུང་ཕོ་མོའི་མཉམ་ལེན《བྱམས་བརྩེ》དང་ཞབས་བྲོ《བཀྲ་ཤིས་གཡང་མདའ》སོགས་ཀྱིས་རིག་རྩལ་འཁྲབ་སྟོན་ལ་མཐོ་རླབས་གསར་བ་བསྣན། ཡུལ་དངོས་ཀྱི་ལྟད་མོ་བ་དག་གི་མིག་གི་ལོངས་སྤྱོད་ལ་ངོ་མཚར་གྱི་ལྟད་མོ་ཚར་དུ་དངར་བ་སྦྱིན་ཞིང་། ཡིད་དབང་འཕྲོག་པའི་འཁྲབ་སྟོན་གྱི་འཚམས་འདྲི་སྨོན་འདུན་ལ་མཚོ་ནུབ་ཁུལ་གྱི་རིགས་སོ་སོའི་ལྟ་མཁན་མང་ཚོགས་ཀྱིས་དགའ་བསུ་གང་ལེགས་འཐོབ་པ་དང་། ཚོགས་ར་ཧྲིལ་པོར་དགའ་སྤྲོའི་ཐེབ་སྒྲས་ཡོངས་སུ་ཁེངས།

     ཐེངས་འདིའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་རྟེན་འབྲེལ་འཚམས་འདྲིའི་རིག་རྩལ་གྱི་རྣམ་གྲངས་མང་ཞིང་། འཁྲབ་སྟོན་དཔུང་སྡེ་རྒྱ་ཆེ་བ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་བར་མཚོ་ནུབ་ཀྱི་གོང་འོག་མང་ཚོགས་ལྟ་མཁན་དག་གིས་དཔྱད་འཇོག་མཐོན་པོ་བྱེད་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།