མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་དང་མི་རིགས་མདའ་འཕེན་འགྲན་བསྡུར་གསེར་ཆེན་རྫོང་ནས་སྤེལ།

མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་དང་མི་རིགས་མདའ་འཕེན་འགྲན་བསྡུར་གསེར་ཆེན་རྫོང་ནས་སྤེལ།
ཟླ8པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་དྲུག་པའི་ལུས་རྩལ་འགྲན་ཚོགས་དང་གསེར་ཆུ་རྟགས་མའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་མདའ་འཕེན་ལུས་རྩལ་ཁང་ནས་སྤེལ་ཞིང་། མཚོ་སྔོན་གྱི་ས་ཁུལ་སོ་སོ་ནས་སླེབས་པའི་མདའ་འཕེན་རུ་ཁག41སྟེ་བསྡོམས་པས་རུ་མི410ཐེངས་འདིའི་མདའ་འཕེན་འགྲན་བསྡུར་དུ་ཞུགས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་དང་མི་རིགས་མདའ་འཕེན་འགྲན་བསྡུར་གསེར་ཆེན་རྫོང་ནས་སྤེལ།
ཐེངས་འདིའི་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་འགན་སྒྲུབ་གནང་ཞིང་། མཚོ་སྔོན་གྱི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། སྲོལ་རྒྱུན་མདའ་འཕེན་དེ་མཚོ་སྔོན་དུ་རྒྱ་ཆེ་བའི་མང་ཚོགས་ཀྱི་རྨང་གཞི་ཟབ་ཅིང་། ལོ་རེར་མཚོ་ལྷོ་ས་ཁུལ་དུ་སྤེལ་བའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་ནི་ས་ཁུལ་འདིའི་ཁྱད་དུ་འཕགས་པའི་འགྲན་བསྡུར་ཞིག་ཏུ་གྱུར་ཡོད་ལ། ས་གནས་ཀྱི་མི་རིགས་གཟུགས་འདས་རིག་གནས་ཤུལ་བཞག་ཅིག་ཀྱང་ཡིན།
