logo

གླུ་མ་ཧན་ཧོང་སོགས་ཀྱིས་མཚོ་སྔོན་དུ་སྨན་བཅོས་རོགས་སྐྱོར་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-12 ཀློག་གྲངས།:


གླུ་མ་ཧན་ཧོང་སོགས་ཀྱིས་མཚོ་སྔོན་དུ་སྨན་བཅོས་རོགས་སྐྱོར་བྱ་འགུལ་སྤེལ་བ།


གླུ་མ་ཧན་ཧོང་སོགས་ཀྱིས་མཚོ་སྔོན་དུ་སྨན་བཅོས་རོགས་སྐྱོར་བྱ་འགུལ་སྤེལ་བ།


གླུ་མ་ཧན་ཧོང་སོགས་ཀྱིས་མཚོ་སྔོན་དུ་སྨན་བཅོས་རོགས་སྐྱོར་བྱ་འགུལ་སྤེལ་བ།


གླུ་མ་ཧན་ཧོང་སོགས་ཀྱིས་མཚོ་སྔོན་དུ་སྨན་བཅོས་རོགས་སྐྱོར་བྱ་འགུལ་སྤེལ་བ།

     རྒྱུས་ལོན་པ་ལྟར་ན། ཟླ8པའི་ཚེས10ཉིན། ཧན་ཧོང་སོགས་བྱམས་བརྩེ་ཐེབས་རྩ་ཚོགས་པའི་མི་བརྒྱས་མཚོ་སྔོན་ལ་རོགས་སྐྱོར་བྱ་བའི་སྤྱི་ཕན་བྱ་འགུལ་གྱི་རླངས་འཁོར་གཏོང་བའི་མཛད་སྒོ་དེ་ཟི་ལིང་ནས་མགོ་བརྩམས་ཤིང་། ཧན་ཧོང་སོགས་མཚོ་སྔོན་ལ་རོགས་སྐྱོར་བྱ་བའི་མི་བརྒྱས་རྒྱལ་ཁབ་ཀྱི་རྩེར་སོན་སྨན་པ་དང་ཁྱབ་ཁོངས་སོ་སོའི་བྱམས་ལྡན་མི་སྣ100ལྷག་འདུ་འཛོམས་ཀྱིས་དུས་ཡུན་ཉིན15ཡི་མཐོ་སྒང་སྨན་བཅོས་རོགས་སྐྱོར་བྱ་འགུལ་སྤེལ་ལ། ལམ་ཐག་ཧྲིལ་བོར་སྤྱི་ལེ2079ཡོད་པ་དང་། ལིང་ཏོག་ཅན་གྱི་ནད་པར་རིན་མེད་གཤགས་བཅོས་དང་། སྨན་བཅོས་སྐོར་སྐྱོད་ཆེད་སྤྱོད་རླངས་འཁོར30དང་མྱུར་སྐྱོབ་རླངས་འཁོར10། དེ་མིན་མཚོ་སྔོན་གྱི་དབུལ་ཕོངས་ཁྱིམ་ཚང་ལ་བྱམས་བརྩེའི་སྨན་རྫས་ཐུམ་སྒམ10000བཅས་ཞལ་འདེབས་སུ་ཕུལ་བ་རེད།
     ཧན་ཧོང་བྱམས་བརྩེའི་ཐེབས་རྩ་ཚོགས་པ་སྟོང་སྐོར་དང་གསེར་ཆེན་རྫོང་། བྲག་དཀར་རྫོང་། རྨ་སྟོད་རྫོང་། དར་ལག་རྫོང་། དགའ་བདེ་རྫོང་། རྨ་ཆེན་རྫོང་། སོག་རྫོང་། རྩེ་ཁོག་རྫོང་། ཐུན་རིན་རྫོང་། ཡ་རྫི་རྫོང་། བ་ཡན་རྫོང་སོགས་རྫོང12སུ་སྨན་བཅོས་དང་རིག་གཞུང་སློབ་ཁྲིད་གནང་རྒྱུ་དང་། ས་གནས་མང་ཚོགས་ལ་སྐོར་སྐྱོད་སྨན་བཅོས་དང་རིན་མེད་སྨན་རྫས་སོགས་ཕུལ་བ། དེ་མིན་ས་གནས་སུ་སྨན་བཅོས་ཆ་རྐྱེན་ཞན་པའི་དབང་གིས་ནད་བཅོས་བྱེད་ཁག་པའི་ནད་པ་ལྕི་མོ་དག་ལ་ཐེབས་རྩ་ཚོགས་པའི་སྨན་བཅོས་རོགས་རམ་ཐོབ་ངེས་རེད།


འབྲེལ་ཡོད་འོས་སྦྱོར།