ཀྲུང་གོའི་ཀླུ་ཆུའི་སྐབས་གསུམ་པའི་སྐོར་བྲོ་འགྲན་བསྡུར་དང་ཤིང་སློང་དུས་ཆེན་སྤེལ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-07
ཀློག་གྲངས།:
ཟླ8པའི་ཚེས6ནས་ཚེས10བར། ཀྲུང་གོའི་ཀླུ་ཆུའི་སྐབས་གསུམ་པའི་སྐོར་བྲོ་འགྲན་བསྡུར་དང་ཤིང་སློང་དུས་ཆེན་དེ་ཀན་སུའུ་ཀླུ་ཆུའི་རྩྭ་ཐང་དུ་སྤེལ་ཤིང་། ཐེངས་འདིའི་འགྲན་བསྡུར་ནི་ཀླུ་ཆུ་རྫོང་སྐོར་བྲོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་། གུང་གཞོན་ཚོགས་པ་ཀླུ་ཆུ་རྫོང་ཨུ་དང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ། རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྫོང་ཡུལ་སྐོར་ཅུའུ་སོགས་ལས་ཁུངས་ཀྱིས་རོགས་སྒྲུབ་གནང་ལ། ཡུལ་ཚོ་དང་གྲོང་རྡལ། རྫོང་གཏོགས་ལས་ཁུངས་སོ་སོ། ཞིང་ཆེན་དང་ཁུལ་སྡོད་ཀླུ་ཆུའི་ལས་ཁུངས་སོ་སོ། ཞིང་ཆེན་ཕྱི་ནང་གི་སྐོར་བྲོ་འཁྲབ་སྟོན་ལ་དུངས་པའི་རུ་ཁག་རྣམས་ཐེངས་འདིའི་བྱ་འགུལ་དུ་ཞུགས་པ་རེད།
འབྲེལ་ཡོད་འོས་སྦྱོར།