རྒྱལ་ཡོངས་ཀྱི་བོད་ཀྱི་མཛའ་གཞས་འགྲན་སྡུར་ཨ་རིག་རྩྭ་ཐང་དུ་སྤེལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-03
ཀློག་གྲངས།:
ཟླ7པའི་ཚེས17ཉིན། 2014ལོའི་རྒྱལ་ཡོངས་ཀྱི་བོད་ཀྱི་མཛའ་གཞས་འགྲན་སྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཨ་རིག་རྩྭ་ཐང་དུ་སྤེལ་འགོ་བརྩམས་ཤིང་། ཐེངས་འདིའི་འགྲན་སྡུར་ཁྲོད་ཀན་སུའུ་དང་། སི་ཁྲོན། མཚོ་སྔོན་སོགས་ནས་ཡོང་བའི་འགྲན་ཞུགས་པ་མི50ལྷག་ཞུགས་འདུག ཉིན་དེར་ཀྲུང་གོའི་དམངས་ཁྲོད་རྩོམ་རིག་དང་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་ཨ་རིག་རྫོང་ལ་ཀྲུང་གོའི་བོད་ཀྱི་མཛའ་གཞས་ཀྱི་ཕ་ས་ཞེས་པའི་སྒོ་བྱང་གནང་བ་རེད།
མཚོ་བྱང་ཁུལ་ཨ་རིག་རྫོང་ནི་ཨ་མདོའི་བོད་ཀྱི་མཛའ་གཞས་ཀྱི་ཕ་ས་དང་ལ་གཞས་རྒྱུན་འཛིན་གྱི་ས་གནས་གཙོ་བོ་ཞིག་ཡིན་ལ། མཛའ་གཞས་འགྲན་སྡུར་གྱིས་ཨ་རིག་ཡུལ་གྱི་མི་རིགས་ཀྱི་རིག་གནས་ཙམ་མ་ཡིན་པར། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་པ་རེད།
འབྲེལ་ཡོད་འོས་སྦྱོར།